བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ།

ཡོང་ཁུངས།   ཝང་ལི།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་དགུ་པའི་ཚེས ༣༠ ཉིན་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་ཡིན་པ་དང་།  དེ་ཉིན་སྔ་དྲོ།  བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་སློབ་གྲྭའི་དགེ་སློབ།  སྤྱི་བདེའི་ལས་བྱེད་ཉེན་རྟོག་པ།  དཔོན་དམག་གི་འཐུས་མི་སོགས་མི་གྲངས་སྟོང་ཁ་མ་ལོན་ཙམ་གྱིས་ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་སི་ར་ཕུལ་ནས་མྱ་ངན་ཚད་མེད་ཞུས་པ་དང་སྦྲགས།  སྙིང་ཁོངས་རུས་པའི་གཏིང་ནས་དཔའ་བོ་རྣམས་ཀྱི་རླབས་ཆེན་མཛད་རྗེས་ལ་དྲན་གསོ་ཞུས་ཡོད།།  

ཚང་མས་སྔོན་གཤེགས་དཔའ་བོ་རྣམས་ཀྱི་རླབས་ཆེནམཛད་རྗེས་བློ་ལ་ངེས་པར་དུ་བརྟན་པོར་བཅངས་ནས།  གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས།

ད་ལོ་དགུང་ལོ ༨༥ ལ་ཕེབས་པའི་ལས་འཁྱུར་རྒན་ཡོལ་ཞུས་པའི་བགྲེས་སོང་ཕུན་ཚོགས་དབང་འདུས་ནས།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་བོད་ལྗོངས་འདི་ཉིད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།  རང་ཉིད་ལས་འཁྱུར་རྒན་ཡོལ་ཞུས་ནས་རྒྱུན་དུ་གྲོགས་པོ་དང་མཉམ་དུ་ཇ་མངར་མོ་འཐུང་བ་དང་སྤྱི་གླིང་དུ་འཆམ་འཆམ་ལ་འགྲོ་ཡི་ཡོད།  བདེ་སྐྱིད་ལྡན་པའི་འཚོ་བ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་དེ་སྔ་བསམ་པའི་ཡུལ་དུ་དྲན་མ་མྱོང་།  ངས་ཏང་གི་བཀའ་དྲིན་སེམས་གཏིང་དུ་བཞག་ནས་དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཀྱི་ཡིན་ཞེས་གསུངས།

 ལྷ་ས་གྲོང་ཁྱེར་དན་བག་སློབ་ཆུང་ལོ་རིམ་བཞི་པའི་སློབ་མ་ལེགས་མཚོ།  ད་ལྟའི་འཚོ་བ་སྐྱིད་པོ་དེ་སྔོན་བྱོན་དཔའ་བོ་ཚོས་ཤ་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་བྱུང་བ་ཞིག་རེད།  རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ང་ཚོས་སློབ་སྦྱོང་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་ཀ་གདུང་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བཤད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]