རང་ལྗོངས་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་འདུ་ཚོགས་ཆེ་མོར་གཟིགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡ ཉིན་གྱི་སྔ་དྲོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་འདུ་ཚོགས་ཆེ་མོ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཉེར་བ་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་དེ་རྗེས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་བྱས་པ་རེད།

བོད་ཀྱི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཆེ་གྲས་ཀྱི་ཐད་གཏོང་ལྟ་བ་དང་ཉན་པ་སོགས་བྱས་ཏེ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་རྒྱུས་ཀྱི་ལམ་བུར་ཐུན་མོང་ཐོག་ཕྱིར་དྲན་བྱས་པ་མ་ཟད།  གྲུབ་འབྲས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་ཡང་བྱས་ཡོད།

ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བཅས་བྱེད་པ་མ་ཟད།  ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་བྱས་ཏེ།  མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཟམ་མི་ཆད་པར་སྐོང་ཐུབ་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།།

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་ཁྱིའུ་བྲག་གྲོང་ཚོའི་མང་ཚོགས་ཀྱིས་རྒྱལ་སྟོན་འདུ་ཚོགས་ཆེ་མོར་ལྟ་བ།


བོད་ལྗོངས་མི་རིགས་སློབ་གླིང་གི་དགེ་སློབ་ཚོས LED བརྙན་ཤེལ་བརྒྱུད་རྒྱལ་སྟོན་འདུ་ཚོགས་ཆེ་མོར་ལྟ་བ།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ཡོད་གྲོང་ཚོའི་མང་ཚོགས་ཀྱིས་རྒྱལ་སྟོན་འདུ་ཚོགས་ཆེ་མོར་ལྟ་བ།

སྣ་དཀར་རྩེ་རྫོང་མངོན་དགའ་ཆོས་སྡེ་དགོན་དོ་དམ་ཨུ་ལྷན་གྱིས་རྒྱལ་སྟོན་འདུ་ཚོགས་ཆེ་མོར་ལྟ་བ།

སྐྱིད་གྲོང་མཐའ་མཚམས་འགོག་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་རྒྱལ་སྟོན་དམག་གཟིགས་མཛད་སྒོ་ལྟ་བ།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་རྒྱ་རྒན་གྲོང་ཚོའི་མང་ཚོགས་ཀྱིས་རྒྱལ་སྟོན་འདུ་ཚོགས་ཆེ་མོར་ལྟ་བ།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]