རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་སྐབས༡༢པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-10-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༤ ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་སྐབས་བཅུ་གཉིས་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཉེར་བ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་པར་ལེན་འགྲེམས་སྟོན་སྤྱི་ཚེས ༤ ནས ༡༠ ཉིན་བར་རྒྱུན་མཐུད་དེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རིན་མེད་ངང་འགྲེམས་སྟོན་བྱེད་རྒྱུ་རེད།   

ངོ་སྤྲོད་བྱས་པར་གཞིགས་ན།  པར་ལེན་འགྲེམས་སྟོན་ཆེ་གྲས་འདིར་རྒྱལ་ཡོངས་ཀྱི་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་པོ་ཡོད་མཁན་ཚོའི་བརྡ་ལན་ཤུགས་ཆེ་བྱུང་བ་དང་།  ལྗོངས་ཕྱི་ནང་གི་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་པོ་ཡོད་མཁན ༢༠༠ ལྷག་ཙམ་གྱི་པར་ལེན་བརྩམས་ཆོས་ཁྲི་གཅིག་ལྷག་ཙམ་མཁོ་འདོན་བྱས་ཡོད།  པར་ལེན་འགྲེམས་སྟོན་ཆེ་མོའི་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་མཐར་བརྩམས་ཆོས་རྩེ་གྲ ༣༠༠ ལྷག་ཙམ་བདམས་ནས་འགྲེམས་སྟོན་བྱས་པ་རེད།  གཞན་ཡང་པར་ལེན་འགྲེམས་སྟོན་ཆེ་མོ་འདིའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད་ད་དུང་དམངས་གཙོའི་བཅོས་བསྒྱུར་སྐབས་བོད་ཀྱི་གནས་ཚུལ་པར་རྒྱག་རྒྱུར་སྐད་གྲགས་ཆོད་པའི་པར་ལེན་མཁས་ཅན་ཁྲེན་ཙུང་ལེ་དང་།  བོད་རང་གི་པར་རྒྱག་མཁས་ཅན་རྣམ་རྒྱལ་རྣམ་གཉིས་ཀྱི་སྤྱན་ལམ་དུ་མངོན་ཞིང་པར་ལེན་གནང་བའི་བོད་ལྗོངས་སྐོར་གྱི་པར་ལེན་བརྩམས་ཆོས་ཀྱང་ཆེད་མངགས་གདན་ཞུས་འགྲེམས་སྟོན་བྱས་ཡོད།

ད་ཐེངས་འགྲེམས་སྟོན་བྱས་པའི་བརྩམས་ཆོས ༤༠༠ ལ་ཉེ་བ་དེ་དག་གི་ཐོག་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་།  དམངས་སྲོལ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།  རང་བྱུང་མཛེས་ལྗོངས་སོགས་ཁྱབ་ཁོངས་མང་པོ་མངོན་ཡོད་ལ།  གསར་རྩོམ་བྱེད་ཐབས་ནང་སྒྱུ་རྩལ་དང་དངོས་བྲིས།  གསར་གཏོད་སོགས་རྣམ་པ་མི་འདྲ་བ་ཚུད་ཡོད་པས་བརྩམས་ཆོས་ཀྱི་ཉམས་འགྱུར་སྣ་མང་ཡིན་པ་གང་ཞིག་སོ་སོར་ཁྱད་ཆོས་ཀྱང་མངོན་གསལ་དོད་པོ་ཡོད་པས།  རྒྱལ་ཡོངས་ཀྱི་པར་རྒྱག་མཁས་ཅན་ཚོས་བོད་ལྗོངས་བརྗོད་གཞིར་བྱས་ཏེ་བོད་ཀྱི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་ཐུབ་པའི་པར་ལེན་བརྩམས་ཆོས་ཀྱི་འགྲེམས་སྟོན་རྩེ་གྲ་ཞིག་རེད་ཅེས་བརྗོད་ཆོག

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]