您没有安装FlashPlayer或版本太低, 请点击获得最新版本FlashPlayer
རྒྱལ་སྟོན་ངལ་གསོའི་རིང་ལྷ་ས་གྲོང་ཁྱེར་གྱིས་རྫོང་རྒྱབ་ཀླུ་ཁང་དང་ནོར་བུ་གླིང་ཁ། ལྷོ་རིའི་སྤྱི་གླིང་། ཆུ་མིག་ལམ་འདམ་རའི་སྤྱི་གླིང་སོགས་སུ་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་མ་ཟད། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་ཡིག་གཟུགས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ནས། གྲོང་མི་ཚོར་རྒྱལ་སྟོན་ངལ་གསོའི་རིང་དུས་ཆེན་དགའ་གཏོང་བྱེད་ཡུལ་མང་པོ་ཞིག་བསྐྲུན་པ་དང་དུས་མཚུངས། རང་ལྗོངས་ས་གནས་ཁག་ནས་ཡོང་བའི་མང་ཚོགས་ཚོས་ཀྱང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ངལ་གསོའི་རིང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།།