བོད་ཀྱི་རས་ངོས་ཚོན་ཆེན་རི་མོའི་བརྩམས་ཆོས་མཉམ་འགྲེམས་སྐབས་དང་པོ་ལྷ་སར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཀྲང་ཧུང་ལེང་།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༨ ཉིན།  བོད་ལྗོངས་བར་མཚམས་རིག་གནས་སྒྱུ་རྩལ་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་།  བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་དང་བོད་ལྗོངས་མཛེས་རྩལ་སློབ་གླིང་།  བོད་ལྗོངས་མཛེས་རྩལ་ཁང་བཅས་ཀྱིས་མཉམ་གཉེར་བྱས་པའི་བོད་ཀྱི་རས་ངོས་ཚོན་ཆེན་རི་མོའི་བརྩམས་ཆོས་མཉམ་འགྲེམས་སྐབས་དང་པོ་བར་མཚམས་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ་རེད།

ད་ཐེངས་འགྲེམས་སྟོན་བྱས་པའི་རས་ངོས་ཚོན་ཆེན་པར་འགྲེམས་ཀྱི་བརྩམས་ཆོས་བརྒྱ་ཙམ་ཡོད་པ་དེ་དག་ལས་བོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་ཉམས་འགྱུར་མངོན་ཡོད་ལ།  དེ་དག་ལས་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་རིང་རི་མོ་བས་མི་རབས་ཁ་ཤས་བརྒྱུད་གངས་ལྗོངས་ས་མཐོར་གཞིས་ཚུགས་ནས་ཏང་ལ་བསྟོད་གླུ་འབུལ་བ་དང་།  མེས་རྒྱལ་ལ་བསྟོད་གླུ་འབུལ་བ།  མི་དམངས་ལ་བསྟོད་གླུ་འབུལ་བ།  དཔའ་བོ་ལ་བསྟོད་གླུ་འབུལ་བ་བཅས་ཀྱི་སྒྱུ་རྩལ་ལག་ལེན་མངོན་པ་བྱས་ཡོད་པ་མ་ཟད།  ད་དུང་ཁོང་ཚོས་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  འཛམ་གླིང་གི་ཕུལ་བྱུང་རིག་གནས་བསྡུ་ལེན་དང་དཔྱད་གཞིར་འཛིན་པའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་ཡང་མངོན་ཡོད།

འགྲེམས་སྟོན་འཆར་འགོད་པ་ཧན་ཧྲུའུ་ལི་ཡིས་ད་ཐེངས་གཅིག་བསྡུད་ཐོག་འགྲེམས་སྟོན་བྱས་པའི་བརྩམས་ཆོས་དེ་དག་གི་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ་དང་།  སྲོལ་རྒྱུན་རི་མོའི་མཛེས་རྩལ་གྱི་ཁྱད་ཆོས་དང་རྒྱུ་ཆ་སྤྱོད་སྟངས།  དེ་བཞིན་ཕྱི་རྒྱལ་གྱི་སྒྱུ་རྩལ་སྙིང་བཅུད་བླང་དོར་བྱེད་སྟངས་སོགས་ཕྱོགས་གང་ཅིའི་ཐད།  རི་མོ་བ་ཚོས་དོན་སྙིང་ལྡན་པའི་གསར་བརྩོམ་དང་རྒྱུན་འཛིན་གང་འོས་བྱས་ཡོད་པས།  བརྩམས་ཆོས་དེ་དག་ནི་ཁོང་ཚོས་དུས་རབས་འཕེལ་རྒྱས་འགྲོ་བའི་ཁྲོད་བོད་ཀྱི་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པའི་སྣང་ཚུལ་ལ་བཅངས་པའི་བརྩེ་སེམས་མངོན་སྟངས་ཤིག་ཡིན།

ཤེས་རྟོགས་བྱས་པར་གཞིགས་ན།  བོད་ཀྱི་རས་ངོས་ཚོན་ཆེན་རི་མོ་འབྲི་སྲོལ་ནི་དུས་རབས ༢༠ པའི་ལོ་རབས ༨༠ པ་ནས་འགོ་ཚུགས་པ་དང་དེ་ནི་བོད་ཀྱི་དེང་རབས་རི་མོའི་རྣམ་པ་གསར་པ་ཞིག་ཡིན།  དེར་བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་བཞེངས་དང་ལྡེབས་རིས་ཀྱི་འབྲི་རྩལ།  རྒྱ་ནག་གི་ཚོན་ཆེན་རི་མོ་འབྲི་རྩལ་བཅས་ཀྱི་ཤན་ཞུགས་ཡོད་ལ་ནུབ་ཕྱོགས་ཀྱི་དངོས་བྲིས་རི་མོ་དང་དེང་རབས་ཀྱི་རི་མོའི་ཁྱད་ཆོས་ཀྱང་བསྡུ་ལེན་བྱས་ཡོད་པས།  བོད་ཀྱི་རི་མོའི་སྒྱུ་རྩལ་གསར་བརྩོམ་གྱི་བརྗོད་དོན་ཡང་སངས་རྒྱས་སོགས་གཙོ་བོར་འཇོག་པ་ནས་མི་གཙོ་བོར་འཇོག་པ་དང་།  ཕྱི་འཇིག་བརྟེན་ཁམས་ཆེན་པོ་བཀོད་འབྲི་བྱེད་རྒྱུ་ནས་མིག་མདུན་གྱི་འཚོ་བའི་ཁོར་ཡུག་བཀོད་འབྲི་བྱེད་རྒྱུར་འཕེལ་རྒྱས་ཕྱིན་པ་དེའི་ཐོག་ནས།  རང་རྒྱལ་གྱི་དེང་རབས་སྒྱུ་རྩལ་གསར་གཏོད་ཐད་འགྱུར་ལྡོག་གསར་པ་བྱུང་བ་མཚོན་གྱི་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]