ཧི་མ་ལ་ཡ་བརྒལ་བའི་ད་ལོའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་གྱི་དུམ་མཚམས་གཉིས་པའི་འགྲན་བསྡུར་ལྷོ་ཁར་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

སྤྱི་ཟླ་བཅུ་པའི་ཚེས ༩ ཉིན་གྱི་སྔ་དྲོ།  ཧི་མ་ལ་ཡ་བརྒལ་བའི་སྤྱི་ལོ ༢༠༡༩ ལོའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པའི་དུམ་མཚམས་གཉིས་པའི་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  དུམ་མཚམས་གཉིས་པའི་རྐང་འཁོར་འགྲན་བསྡུར་ནི་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་ནས་འགོ་ཚུགས་ཏེ།  ཧུའུ་པེ་ལམ་ཆེན་དང་རྩེ་ཐང་ཡར་ཀླུང་གཙང་པོའི་ཟམ་ཆེན།  རྩེ་ཐང་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ།  ཟམ་ཆེན་གཉིས་དང་ཕུག་ལམ་གཅིག་བརྒྱུད།  རྒྱལ་ལམ ༣༡༨ ཆུ་ཤུར་རྫོང་ཁོངས་ཀྱི་གནམ་ཤང་དང་མཉེས་ཐང་ཤང་།  སྟོད་ལུང་བདེ་ཆེན་ཆུས་བཅས་བརྒྱུད་ནས།  སྣེའུ་ཤར་ངོས་ཟམ་ཆེན་ཐོག་སྐྱོད་དེ་གྲོང་སྐོར་ལྷོ་ལམ་བརྒྱུད་མཐར་སྣེའུ་ནུབ་ངོས་ཟམ་ཆེན་གྱི་སྨིད་ཉིས་བརྒྱའི་མཚམས་སུ་བཙུགས་པའི་མཐའ་ཚུགས་སུ་སླེབས་ཀྱི་ཡོད་པས།  དུམ་མཚམས་འདིའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༦༠ ཡོད་པ་རེད།

འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཧེ་ལུང་ཅང་རུ་ཁག་གི་ཉེའུ་ཡི་ཁུལ་གྱིས་དུམ་མཚམས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་།  ཧྲན་ཞིའི་རུ་ཁག་གི་ཝང་བྱང་གིས་ཨང་གཉིས་པ་བླངས་པ།  ཧེ་ལུང་ཅང་རུ་ཁག་གི་ལེའུ་ཅན་ཁུན་གྱིས་ཨང་གསུམ་པ་བླངས་ཡོད་པ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]