ད་ལོའི་དྲ་རྒྱའི་གྲཌ་ཅན་མི་སྣས་བོད་ལ་ལྟ་ཞེས་བརྗོད་དོན་གཙོ་བོའི་བདེ་སྐྱིད་ལྡན་པའི་ལོ་ངོ་༧༠ བཀྲ་ཤིས་པའི་གཞིས་རྩེ་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་ལྷག་པར་དུ་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བོད་ཀྱི་དམག་འཐབ་ཆེན་པོ་གསུམ་ལ་འགག་སྒྲོལ་ཡོང་རྒྱུར་སྤྱད་པའི་བྱ་ཐབས་ཁག་ལ་ཐོབ་པའི་གྲུབ་འབྲས་སོགས་དྲིལ་བསྒྲགས་དང་འགྲེམས་སྟོན་སྔར་ལས་ལྷག་པ་བྱ་ཆེད།  ཉེ་དུས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་སྤྱི་ཚོགས་ལས་དོན་ཅུས་ཀྱི་མཛུབ་ཁྲིད་འོག  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་།  གཞིས་རྩེ་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཉེར་འགན་འཁུར་བའི་སྤྱི་ལོ ༢༠༡༩ ལོའི་དྲ་རྒྱའི་གྲགས་ཅན་མི་སྣས་བོད་ལ་བལྟ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྟེ།  བདེ་སྐྱིད་ལྡན་པའི་ལོ་ངོ་ ༧༠ བཀྲ་ཤིས་པའི་གཞིས་རྩེ་ཞེས་པའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ལྗོངས་ཕྱི་ནང་གི་གྲགས་ཅན་དྲ་རྒྱའི་མི་སྣའི་འཐུས་མི་དང་ལྗོངས་ནང་ཁུལ་གྱི་གཙོ་གནད་གསར་འགྱུར་དྲ་ཚིགས་ཀྱི་མི་སྣ ༡༧ བྱེད་སྒོར་ཞུགས་ཡོད།  དུས་ཡུན་ཉིན་བདུན་གྱི་རིང་དྲ་རྒྱའི་གྲགས་ཅན་མི་སྣས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་པ་སྣམ་རྫོང་།  རྒྱལ་རྩེ་རྫོང་།  བཞད་མཐོང་སྨོན་རྫོང་།  རྣམ་གླིང་རྫོང་སོགས་ཀྱི་གྲོང་མིའི་ཁྱིམ་དུད་དང་སྤྱི་ཚོགས།  ཁེ་ལས།  མཉམ་ལས་ཁང་བཅས་སུ་སྐྱོད་ནས་དོན་ཆུང་ནས་གཙོ་དོན་མངོན་པ་དང་རང་ཉིད་ཀྱི་མཐོང་ཐོས་དང་འབྲེལ་བ་བྱས་ཏེ།  དམིགས་བསལ་གྱི་མཐོང་ཚད་དང་མང་ཚོགས་དཀྱུས་མ་ཞིག་གི་མཐོང་ཚད།  རང་ཉིད་ཀྱི་སྨྱན་སྦྱོར་ལས་སྟེགས་སོགས་བརྒྱུད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བ་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་།  དེ་བཞིན་དམག་འཐབ་ཆེན་པོ་གསུམ་གྱི་འགག་སྒྲོལ་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱས་ཚུལ་སོགས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ནས།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོའི་སྐྱིད་སྣང་དང་ཐོབ་སྣང་།  བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པའི་དོན་དངོས་དེ་གང་ལེགས་མངོན་པར་བྱེད་རྒྱུ་རེད་ལ།  འཕེལ་རྒྱས་དང་བདེ་སྐྱིད།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཇིག་རྟེན་སྐྱེ་འགྲོའི་མིག་ལམ་དུ་ཇི་མ་ཇི་བཞིན་དུ་མངོན་ཐུབ་པ་ཡང་བྱེད་རྒྱུ་རེད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]