ཧི་མ་ལ་ཡ་བརྒལ་བའི་སྤྱི་ལོ༢༠༡༩ལོའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པ་ལྷ་སར་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཧི་མ་ལ་ཡ་བརྒལ་བའི་སྤྱི་ལོ ༢༠༡༩ ལོའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པ་སྤྱི་ཟླ་བཅུ་པའི་ཚེས ༡༠ ཉིན་གྱི་སྔ་དྲོ་ལྷ་སར་མཇུག་སྒྲིལ་བ་རེད།  སྤྱི་ཟླ་བཅུ་པའི་ཚེས ༨ ཉིན་འགྲན་བསྡུར་བྱེད་འགོ་ཚུགས་པ་ནས་བཟུང་།  ཀྲུང་གོ་དང་ཡུ་ཁེ་རེན།  ནེ་པ་ལ་སོགས་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པ་བརྒྱ་ལྷག་ཙམ་གྱིས་ཉིན་གསུམ་རིང་ཉིང་ཁྲི་དང་ལྷོ་ཁ།  ལྷ་ས་བཅས་གྲོང་ཁྱེར་གསུམ་ཁོངས་ཀྱི་ལམ་ཐག་སྤྱི་ལེ ༣༠༠ ལྷག་ཙམ་གྱི་ཐོག་འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད།  མཐར་ཡུ་ཁེ་རེན་གྱི་སྦ་སི་ཐེཝི་ཐཱལ་ལི་ཡིས་ཐེངས་འདིའི་འགྲན་བསྡུར་གྱི་སྤྱིའི་གྲུབ་འབྲས་ཐོག་མི་སྒེར་གྱི་ཨང་དང་པོ་བླངས་ཡོད་པ་དང་།  རུ་ཁག་གཅིག་པའི་རུ་མི་ཝ་སི་ཡིའུ་ཁེཨཱན་ཊུའི་ཡིས་ཨང་གཉིས་པ་བླངས་པ།  རང་རྒྱལ་ཧེ་ལུང་ཅང་རུ་ཁག་གི་ཉེའུ་ཡི་ཁུལ་གྱིས་ཨང་གསུམ་པ་བླངས་ཡོད།

གཞུང་ལམ་རྐང་འཁོར་འགྲན་བསྡུར་འདིའི་ནང་ཚོགས་པའི་ཨང་དང་པོ་ལེན་ཐུབ་མཁན་ནི་ཡུ་ཁེ་རེན་ཁཱོར་སི་རྐང་འཁོར་ལས་རིགས་རུ་ཁག་ཡིན་པ་དང་།  ཧེ་ལུང་ཅང་རུ་ཁག་དང་བོད་ལྗོངས་ཧི་མ་ལ་ཡ་རུ་ཁག་དང་པོས་ཁག་སོ་སོར་ཚོགས་པའི་ཨང་གཉིས་པ་དང་གསུམ་པ་ལེན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་རྣམ་གྲངས་འདི་བོད་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་དང་སྤུས་རྟགས་ཤིག་ཏུ་བརྩིས་ནས།  ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཆབས་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ལོ་རྒྱུས་རིག་གནས།  ཡུལ་སྲོལ་གོམས་གཤིས་བཅས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་རྒྱུ་མ་ཟད།  ཧི་མ་ལ་ཡ་བརྒལ་བ་ཞེས་པའི་བོད་ཀྱི་སྤུས་རྟགས་དེ་མུ་མཐུད་དེ་བས་སྤུས་ལེགས་དང་སྟོབས་ཆེར་བཏང་ནས།  ལུས་རྩལ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]