བོད་ལྗོངས་སློབ་ཆེན་གྱིས་ད་ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཀྲང་ཧུང་ལེང་།      སྤེལ་དུས།   2019-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་སློབ་ཆེན་གྱི་སྤྱི་ལོ ༢༠༡༩ ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པའི་མཛད་སྒོ་དང་གཟེངས་བསྟོད་ཚོགས་ཆེན་སྤྱི་ཟླ ༡༠ ཚེས ༡༠ ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཁུལ་རྙིང་པར་འཚོགས་པ་རེད།  རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སློབ་མ་གསར་པ ༣༤༠༠ ལྷག་ཙམ་མཛེས་སྡུག་ལྡན་ཤིང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ལྡན་པའི་སློབ་གླིང་དུ་མཉམ་འཛོམས་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པ་རེད།
སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག  སློབ་གྲྭས་སྤྱི་ལོ ༢༠༡༩ ནས ༢༠༢༠ ཡི་སློབ་ལོའི་བཟང་པོ་གསུམ་ལྡན་གྱི་སློབ་མར་གཟེངས་བསྟོད་བྱས་པ་མ་ཟད།  སྤྱི་ལོ ༢༠༡༩ ནས ༢༠༢༠ ཡི་སློབ་ལོའི་ཕུལ་བྱུང་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་དམིགས་བསལ་གཟེངས་བསྟོད་ཐོབ་མཁན་སོགས་ལ་གཟེངས་བསྟོད་བྱས་པ་དང་འབྲེལ།  ད་དུང་སྤྱི་ལོ ༢༠༡༩ ལོར་སློབ་གྲྭར་ཚུད་པའི་སློབ་མ་གསར་པའི་འཐུས་མིར་སློབ་གྲྭའི་སློབ་རྟགས་ཀྱང་སྤྲད་པ་རེད།

སྤྱི་ལོ ༢༠༡༩ ལོའི་རྒྱ་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་མ་སྤེན་པ་དབྱངས་སྐྱིད་ནས།  ང་ཚོས་སློབ་ཆེན་གྱི་འཚོ་བར་གང་མགྱོགས་བསྟུན་ཐུབ་པ་བྱས་ཏེ་སློབ་གྲྭའི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་རྒྱུ་མ་ཟད།  ལངས་ཚོར་བརྟེན་ནས་སོ་སོའི་དམ་བཅའ་མངོན་འགྱུར་ཡོང་བ་བྱེད་པ་དང་རྔུལ་ཆུར་བརྟེན་ནས་འོད་སྟོང་འབར་བའི་མ་འོངས་པ་གཏོད་རྒྱུ་ཡིན་ལ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས།  དུས་རབས་གསར་པའི་ནང་ཕུགས་འདུན་སྒྲུབ་མཁན་ཞིག་ཀྱང་བྱེད་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་སློབ་གྲྭ་ཆེ་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སློབ་སྤྱི་ཅིས་ཅན་ཀྲའུ་ཡིས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མའི་ཚབ་ཞུས་ནས་སློབ་གྲོགས་གསར་པར་དགའ་བསུ་ཞུས་པ་དང་སྦྲགས།  སློབ་གྲོགས་ཚོས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་བ་ཞིག་བྱེད་པའི་སྤོབས་སེམས་ལ་གཅེས་སྤྲས་བྱས་ནས་རྒྱལ་གཅེས་ཀྱི་དད་སེམས་བརྟན་དུ་གཏོང་དགོས་པ་དང་།  ཐོག་མཐའ་བར་གསུམ་དུ་རླབས་ཆེན་དུས་རབས་ཀྱི་རྗེས་ཤུལ་སེམས་ལ་བརྟན་པོ་འཆང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་།  དཀའ་སྤྱད་དངོས་སྒྲུབ་ཀྱི་རང་གཤིས་ནམ་ཡང་མ་དོར་བར་སྐྱོན་བྲལ་གྱི་མི་གཤིས་ཤིག་གྲུབ་པ་བྱེད་དགོས་རྒྱུའི་ཐུགས་རེ་ཡང་གནང་བ་རེད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]