སྐྱིད་རོང་རྫོང་གི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་སྤྱི་ཚེས༢༠ཉིན་ནས་འགོ་ཚུགས་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོལ་ཡང་།      སྤེལ་དུས།   2019-10-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༡༣ ཉིན་གྱི་སྔ་དྲོ།  གསར་འགོད་པར་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  དུས་རབས་གསར་པར་མདུན་སྐྱོད་བྱེད། སྐྱིད་རོང་གསར་པའི་འཆར་སྒོ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྐྱིད་རོང་རྫོང་གི་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་སྤྱི་ཟླ ༡༠ ཚེས ༢༠ ཉིན་ནས་གཉེར་འགོ་ཚུགས་རྒྱུ་དང་དུས་ཡུན་ཉིན་ལྔའི་རིང་རྒྱུན་མཐུད་རྒྱུ་ཡིན། 

ངོ་སྤྲོད་བྱས་པར་གཞིགས་ན།  སྐྱིད་རོང་དུ་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཚོང་འགུག་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ་དང་རྒྱལ་སྤྱིའི་མཐའ་མཚམས་ཀྱི་གྲགས་ཅན་སྤུས་ལེགས་ཚོང་ཟོག་གི་ཚོང་འདུས་སྤེལ་རྒྱུ་མ་ཟད།  སྐྱིད་རོང་གི་སྤུས་རྟགས་ཁྱབ་བསྒྲགས་དང་སྐྱིད་རོང་པར་ལེན་བརྩམས་ཆོས་འགྲེམས་སྟོན།  སྐྱིད་རོང་ཞིམ་ཟས་རིག་གནས་དུས་ཆེན།  ནེ་པ་ལའི་ཆེད་དོན་རིག་རྩལ་སྤེལ་རེས་འཁྲབ་སྟོན།  རྐང་ཐང་འདུ་ཚོགས་དང་དེ་བཞིན་མེ་ཕུང་དགོང་ཚོགས་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་ཡང་སྤེལ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]