དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་གྱེར་ལེན་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་མངའ་རིས་སུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཨུ་ཆུང་། ཐན་ཧྥུ་ཧྲེང་། ཧེ་ཤི་ཡན།      སྤེལ་དུས།   2019-10-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་ཆེད།  སྤྱི་ཟླ་བཅུ་པའི་ཚེས ༡༥ ཉིན།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་།  མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་སྤུ་ཧྲེང་རྫོང་གིས་གཉེར་རོགས་གནང་བ།  ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་དོ་དམ་གཞུང་ལས་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་གྱེར་ལེན་འགྲན་བསྡུར་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་མངའ་རིས་ས་ཁུལ་སྤུ་ཧྲེང་གྲོང་རྡལ་དུ་འཚོགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་གྱེར་ལེན་ལེ་ཚན་གྱིས་རླུང་འཕྲིན་ཐད་སྦྲེལ་ཁ་པར་ཐོག་འཕྲིན་ལན་དང་ཁ་པར་སྒྲ་ཕབ་སོགས་ཀྱི་བྱ་ཐབས་བརྒྱུད།  བོད་ཀྱི་ས་ཁོངས་མི་འདྲ་བའི་ཕུལ་བྱུང་གི་དམངས་གཞས་འབོར་ཆེན་བསྡུ་རུབ་བྱས་ཐོག་བོད་ཀྱི་གདོད་མའི་རིག་གནས་བརྒྱུད་སྤེལ་བྱས་ཏེ།  ན་གཞོན་ཚོས་བོད་ཀྱི་གདོད་མའི་གླུ་དབྱངས་ལ་རྒྱུས་ལོན་ཐུབ་པ་བྱས་ཡོད།  ད་ཐེངས་ཀྱི་མཛད་སྒོ་དེ་སྐབས་གོང་མ་ཁག་དང་མི་འདྲ་བ་ཞིག་ནི་དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་གྱེར་ལེན་འགྲན་བསྡུར་སྐབས་བཞི་པ་དེ་རླུང་འཕྲིན་དང་བརྙན་འཕྲིན།  སྨྱན་སྦྱོར་གསར་པ་བཅས་མཉམ་འདྲེས་བྱས་ནས་གཉེར་བའི་མཛད་སྒོ་ཐོག་མ་དེ་ཡིན་ལ།  བོད་ལྗོངས་རླུང་འཕྲིན་གཏོང་སྤེལ་བྱས་ནས་ལོ་ངོ་ ༦༠ འཁོར་དང་བོད་སྐད་བརྙན་འཕྲིན་སྲུང་སྐར་འཕྲིན་ལམ་བསྟན་ནས་ལོ ༢༠ འཁོར་བའི་དམིགས་བསལ་གྱི་རྟེན་འབྲེལ་མཛད་སྒོ་ཤིག་ཀྱང་ཡིན།

 

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]