བོད་ལྗོངས། ང་སླེབས་ཡོད་ཞེས་པའི་ཡུལ་སྐོར་འོས་སྦྱོར་རོལ་དབྱངས་འདུ་ཚོགས་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་། བསྟན་འཛིན་ཆོས་སྒྲོན།      སྤེལ་དུས།   2019-10-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས། ང་སླེབས་ཡོད་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་འོས་སྦྱོར་རོལ་དབྱངས་འདུ་ཚོགས་སྤྱི་ཟླ ༡༠ ཚེས ༡༥ ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་ལྷ་མོ་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད།  ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་དེ་ནི་ཨེ་ཤེ་ཡའི་དབྱངས་མཉེས་རོལ་ཚོགས་དང་བོད་ཀྱི་གཞས་པ་རྒན་དར་གཞོན་གསུམ་གྱི་འཐུས་མི ༢༠ ལྷག་ཙམ་གྱིས་མཉམ་ལས་གཏིང་ཟབ་བྱས་ཏེ།  རྒྱལ་ཡོངས་ཙམ་མིན་པར་འཛམ་གླིང་ཡོངས་ལ་རོལ་དབྱངས་བརྒྱུད།  སྒོ་མོ་དབྱེ་བ་དང་ཡིད་ཆེས་ཀྱིས་ཁེངས་པ།  མཉམ་གནས་ཐུབ་པ་བཅས་ཡིན་པའི་བོད་ཀྱི་ས་ཁོངས་གཟུགས་བརྙན་བརྒྱུད་བསྒྲགས་བྱས་པ་མ་ཟད།  བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མིན་པའི་རིག་གནས་ཀྱི་ཉམས་འགྱུར་མངོན་ཐབས་ཀྱང་བྱས་ཡོད།  རོལ་དབྱངས་འདུ་ཚོགས་བརྒྱུད་འཛམ་གླིང་ཁྱོན་ལ་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་རྒྱུའི་གདན་ཞུ་བྱས་པ་དང་སྦྲགས།  བོད་ཀྱི་དགུན་དུས་ཡུལ་སྐོར་ཁྲོམ་ར་སྟོབས་ཆེར་གཏོང་རྒྱུ་དང་།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་ཞིག་ཀྱང་ཡིན།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]