རྒྱལ་ཡོངས་དབུལ་སྐྱོར་ཉིན་མོར་རང་ལྗོངས་ཀྱིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་། བསྟན་འཛིན་ཆོས་སྒྲོན།      སྤེལ་དུས།   2019-10-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དྲིལ་བསྒྲགས་དཔྱད་ཡིག་ལྟ་ཀློག་ཞིབ་ཚགས་བྱས་ཏེ་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱེད། 

སྤྱི་ཟླ་བཅུ་པའི་ཚེས ༡༧ ཉིན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཡིན།  དེ་ཉིན་སྔ་དྲོ་བོད་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཁོངས་གཏོགས་ཚན་པ ༣༠ ལྷག་ཙམ་གྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཐོག་མའི་བསམ་འདུ་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་ཞེས་པ་དང་།  བློ་ཐག་ཆོད་པོས་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཞེས་པ་བཅས་བརྗོད་དོན་གཙོ་བོར་བྱས་པའི་དབུལ་སྐྱོར་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།  བྱེད་སྒོའི་ཐོག་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྤེལ་དང་དྲིལ་བསྒྲགས་ཡི་གེ་འགེལ་བ།  དབུལ་གྲོལ་འགག་སྒྲོལ་དམག་འཐབ་ཀྱི་དྲིལ་བསྒྲགས་བརྙན་ཕབ་སྟོན་པ།  དབུལ་གྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་ཡི་གེ་སྤྲོད་པ།  དབུལ་གྲོལ་འགག་སྒྲོལ་ལས་ཀ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དྲིལ་སྒྲོགས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འགྲེལ་བཤད་བརྒྱབ་སྟེ།  ཕྱོགས་ཡོངས་ནས་ཉེ་བའི་ལོའི་ཚུན་དུ་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཡོད།

དབུལ་སྐྱོར་ཤེས་བྱའི་དྲི་བ་ལ། གྲོང་མིས་དྲི་ལན་ཆུ་རྒྱུག་རྒྱུག

ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ལས་དོན་པས་གྲོང་མིར་གསར་དུ་འདེབས་གསོ་བྱས་པའི་ཞོག་ཁོག་གི་མྱུ་གུ་འགྲེམས་སྟོན་བྱེད།

བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་སྨྱན་སྦྱོར་ལེ་ཚན་ཐད་གཏོང་བྱས་པ་དང་བསྟུན།

མེས་རྒྱལ་ལ་སྙན་སེང་འབུལ་ཞེས་པའི་ལེ་ཚན་བརྒྱུད་ཉེ་བའི་ལོའི་རིང་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་གྲུབ་འབྲས་ཐད་གཏོང་བྱས།

འཐག་ལས་སྟངས་སྟབས་འཁྱུག་ལ། བལ་མའི་ལས་སྟངས་འཇོན་པ། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]