རང་ལྗོངས་ཀྱིས་གྲོང་ཁྱེར༼ས་ཁུལ༽བདུན་གྱི་དབུལ་སྐྱོར་ཐོན་རྫས་འོས་སྦྱོར་འདུ་ཚོགས་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧེ་ཤི་ཡན།      སྤེལ་དུས།   2019-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༡༦ ནས ༢༢ ཉིན་བར་རང་ལྗོངས་ཀྱིས་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་དབུལ་སྐྱོར་ཐོན་རྫས་འོས་སྦྱོར་འདུ་ཚོགས་ལྷ་སའི་ཀྲའུ་ཅིས་གསོལ་མགྲོན་ཁང་གི་ཐང་ཆེན་དུ་སྤེལ་འགོ་ཚུགས་པ་རེད།  བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ཐོན་ལས་དང་གཞིས་རྩེ་གྲོང་ཁྱེར་པའེ་ཡཱ་ཁྲེང་ཚོང་དོན་ཚད་ཡོད་ཀུང་སི།  ལྷོ་ཁ་གྲོང་ཁྱེར་གྱི་མཚོ་སྨད་མན་ཆི་དང་དེ་མིན་གྱི་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་ཀུང་སིས་པར་རིས་གསལ་འགྲེལ་དང་།  རིག་རྩལ་འཁྲབ་སྟོན།  ས་གནས་ས་ཐོག་ཏུ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ནས།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་བྱས་ཡོད་ལ་བོད་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ཀྱང་འགྲེམས་སྟོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་ཐོག་ད་དུང་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་བློ་འདྲི་བྱེད་གནས་བཀོད་སྒྲིག་བྱས་ཏེ།  བོད་དུ་ཡོད་པའི་དངུལ་རྩའི་ལས་ཁུངས་ཀྱི་ལས་དོན་པས་ཁེ་ལས་ཀྱི་དོགས་གནད་སོགས་ལ་ལན་བརྒྱབ་པ་མ་ཟད།  ཁེ་ལས་ལ་མཁོ་བའི་སྣེ་མང་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་ཀྱང་བྱས་ནས།  ཁེ་ལས་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་དེ་གཉེར་བའི་དམིགས་ཡུལ་ནི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་།  དབུལ་སྐྱོར་ཐོན་ལས་མུ་མཐུད་ཡག་ཐོག་ཡག་རྩེགས་དང་སྟོབས་ཆེར་བཏང་ནས་དབུལ་གྲོལ་མང་ཚོགས་དེ་བས་མང་བར་ཐོན་ལས་ཁྲོད་ནས་འབབ་འཕར་གྱི་ལམ་བུ་ཐོབ་པ་བྱས་ཏེ།  རྒྱུན་ཆད་མེད་པར་དབུལ་གྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་དང་དབུལ་གྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]