༢༠༡༩ལོའི་ཟླ༦པའི་ཟླ་མཇུག་བར་བོད་དུ་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་མཁན་ཁྲི༡༨༧ཟིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-10-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༢༣ ཉིན།  དགུན་དུས་བོད་ལྗོངས་སྐོར། གཏོང་སྤྲོད་མཉམ་དུ་འགྲོགས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་པའི་དམངས་ཕན་དཔེ་སྟོན་ལས་གྲྭ་དང་།  ཚེ་མཆོག་གླིང་བོད་ཁྱིམ་ཉམས་སྣང་ལྡན་པའི་བདེ་འཁྱུག་གཏོང་སྤྲོད་ཞེས་པའི་དཔེ་སྟོན་ཁྲོམ་གཞུང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་ཚོགས་པ་རེད།

ད་ཐེངས་ཚེ་མཆོག་གླིང་གི་བོད་ཁྱིམ་ཉམས་སྣང་ལྡན་པའི་ཁྲོམ་གཞུང་དུ་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་པའི་དམངས་ཕན་དཔེ་སྟོན་ལས་གྲྭ་དང་།  བདེ་འཁྱུག་གཏོང་སྤྲོད་དཔེ་སྟོན་ཁྲོམ་གཞུང་གི་རྣམ་གྲངས་བསྐྲུན་པ་དེས་ཡུལ་སྐོར་བ་དང་ཚོང་པ།  ས་གནས་དེ་གའི་གྲོང་མི་བཅས་ཀྱི་སྣེ་མང་དགོས་མཁོར་གཞིགས་ནས་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་རྒྱུའི་ཐད་སྟབས་བདེ་བསྐྲུན་པས།  རིག་གནས་ཡུལ་སྐོར་འཛད་སྤྱོད་ཐད་སྟབས་བདེ་བསྐྲུན་ཡོད་ལ་འཛད་སྤྱོད་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་པ་དང་བསྟུན་ནས།  ད་ལོའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཞེས་པའི་བྱེད་སྒོར་ཡང་ད་དུང་གཞོགས་འདེགས་གང་ལེགས་ཐུབ་ཡོད་པ་དང་ཆབས་ཅིག  བོད་ཀྱི་རིག་གནས་ཡུལ་སྐོར་དང་དངུལ་རྩ།  ཚན་རྩལ་བཅས་མཉམ་འདྲེས་ནུས་ལྡན་ཐུབ་ཐབས་འཚོལ་ཞིབ་བྱས་པ་དང་།  རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་གཏོད་ཡོད་པས།  བོད་ཀྱི་རིག་གནས་ཡུལ་སྐོར་ས་ཁོངས་ཡོངས་དང་དུས་ཚིགས་ཆ་ཚང་།  ཆུ་ཚོད་ཉེར་བཞི་བཅས་ཀྱི་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་ལོ ༢༠༡༧ ལོའི་ཟླ ༡༠ པ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར ༡༩ རུ་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་པའི་དམངས་ཕན་དཔེ་སྟོན་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་།  སྤྱི་ལོ ༢༠༡༨ ལོར་དཔེ་སྟོན་གྲོང་ཁྱེར ༡༩ ནས་ད་ལྟ ༡༠༠ བར་མང་དུ་བཏང་ཡོད།  ལྷ་ས་གྲོང་ཁྱེར་ནི་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་པའི་དམངས་ཕན་དཔེ་སྟོན་ལས་གྲྭ་གཉེར་བའི་དཔེ་སྟོན་གྲོང་ཁྱེར་བརྒྱའི་ནང་གི་གཅིག་ཡིན་པ་དང་།  སྤྱི་ལོ ༢༠༡༩ ལོའི་ཟླ ༦ པའི་ཟླ་མཇུག་བར་བོད་དུ་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་མཁན་ཁྱོན་ཁྲི་ཚོ ༡༨༧ ཟིན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]