རང་ལྗོངས་ཀྱིས་རྒན་རྒོན་གྱི་ཐང་ཆེན་ཞབས་བྲོ་དང་མཉེན་རྩལ་སྤོ་ལོའི་སྤེལ་རེས་སྤྱན་འབུལ་བྱེད་སྒོ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་རྒན་རྒོན་གྱི་ཐང་ཆེན་ཞབས་བྲོ་དང་མཉེན་རྩལ་སྤོ་ལོའི་སྤེལ་རེས་སྤྱན་འབུལ་ཞུ་བའི་སྤྱི་ལོ ༢༠༡༩ ལོའི་བྱེད་སྒོ་སྤྱི་ཚེས ༢༦ ཉིན་ལྷ་སར་སྤེལ་བ་རེད།  ད་རེས་ཀྱི་སྤེལ་རེས་སྤྱན་འབུལ་ཞུ་བའི་བྱེད་སྒོའི་ནང་།  སྤྱན་འབུལ་དང་འགྲན་བསྡུར་གྱི་རྣམ་གྲངས་ཁག་གཉིས་ལ་དབྱེ་ཡོད་པ་དང་ལུས་རྩལ་ལ་དགའ་པོ་བྱེད་མཁན་རྒན་རྒོན ༤༠༠ ལྷག་བྱེད་སྒོའི་ནང་ཞུགས་ཡོད་ཅིང་།  རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུད།  ཀླུ་ཁང་བདེ་གྲོགས་རྒན་རྒོན་ལུས་སྦྱོང་རུ་ཁག་གཉིས་པ་བཅས་ཀྱི་འཐུས་མི་ཚོགས་པར་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་།  མཉེན་རྩལ་སྤོ་ལོའི་འགྲན་བསྡུར་ནང་ཀླུ་ཁང་བདེ་གྲོགས་རྒན་རྒོན་ལུས་སྦྱོང་རུ་ཁག་ལ་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད།

ཉེ་བའི་ལོའི་རིང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།  དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་ལུས་རྩལ་སྟོབས་ཆེའི་ཁུལ་གཏོད་པའི་ནང་དོན་གལ་ཆེན་ཞིག་ལ་རྩིས་ནས།  དམངས་ཡོངས་ལུས་སྦྱོང་བྱེད་རྒྱུའི་ཐད་ཉེ་འགྲམ་དྲུག་གི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་པ་དང་།  དམངས་ཡོངས་ཀྱི་ལུས་སྦྱོང་དེ་དམངས་ཡོངས་བདེ་ཐང་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་བས།  ལྗོངས་ཡོངས་སུ་མི་ཚང་མས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ནང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]