ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རླངས་འཁོར་དུས་ཆེན་སྐབས་གཉིས་པ་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཀྲང་ཧུང་ལེང་།      སྤེལ་དུས།   2019-10-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༢༦ ཉིན།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲགས་རྟགས་རླངས་འཁོར་ཚོང་གཉེར་ཆེད་ལས་ཁང་ ༣༠ ལྷག་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་བརྒྱའི་ཚོང་ཁང་སྟོང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཞིང་ལས་དངུལ་ཁང་གི་རླངས་འཁོར་དུས་ཆེན་སྐབས་གཉིས་པའི་ལྷ་སའི་ས་ཚིགས་ཀྱི་བྱེད་སྒོ་བོད་ལྗོངས་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་རེད།  ལོ་རབས་མི་འདྲ་བའི་གྲོང་མི་ཚོས་ས་གནས་ས་ཐོག་ཏུ་ཕྱོགས་ཡོངས་ནས་རླངས་འཁོར་ཚོང་གཉེར་བྱེད་སྟངས་ལ་བརྒྱུད་མངའ་ཞིབ་ཅིང་ཕྲ་བ་ཞིག་ཐུབ་པ་བྱས་ཡོད།  དེ་གར་ཞིང་ལས་དངུལ་ཁང་གི་དུས་རིམ་ཁག་བགོས་ལས་སྒོ་གཉེར་ཚེ་རླངས་འཁོར་ཉོ་སྒྲུབ་ཀྱི་རིན་གོང་གཅོག་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་བྱེད་སྒོ་དང་།  རླངས་འཁོར་ཉོས་ཚེ་བོད་ལྗོངས་དངུལ་ཁང་གི་དམིགས་བསལ་འགྲོ་ལུགས་གཉེར་གྲོན་གཟིགས་སྐྱོང་ཆོག་པའི་བྱེད་སྒོ།  ETC ལས་སྒོ་གཉེར་ཚེ་སྒོར ༡༦༠ ཡི་སྣུམ་སྣོན་གཱ་ཐོབ་པའི་བྱེད་སྒོ་སོགས་གཟིགས་སྐྱོང་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་གཉེར་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་མི་སྣ་དང་ནོར་སྲིད་འགན་བཅོལ་ཀུང་སི་ཆེ་གྲས་ཀྱི་གྲོས་ཡ་བརྒྱ་ལྷག་ཙམ་གྱིས།  ལྷ་སའི་གྲོང་མི་མང་ཚོགས་ལ་རླངས་འཁོར་ཉོ་སྒྲུབ་བྱེད་སྐབས་དུས་རིམ་ཁག་བགོས་ལས་སྒོ་དང་རླངས་འཁོར་འགན་བཅོལ་གྲོས་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  གྲོང་ཁྱེར་བརྒྱའི་ཚོང་ཁང་སྟོང་ཞེས་པའི་རླངས་འཁོར་དུས་ཆེན་ནི་ལོ་གཅིག་དུས་གཅིག་གི་རླངས་འཁོར་ཉོ་རིན་དུས་རིམ་ཁག་བགོས་བྱས་ཏེ་འཇལ་སྤྲོད་བྱེད་སྟངས་ཀྱི་གཙོ་བོར་བྱས་པའི་གྲགས་རྟགས་རླངས་འཁོར་མཉམ་ཉོའི་བྱེད་སྒོ་ཞིག་ཡིན་པ་དང་།  རྒྱལ་ཡོངས་ཀྱི་གྲོང་ཁྱེར ༢༠༠ ལྷག་ཙམ་དང་རྫོང་ ༧༠༠ ལྷག་ཙམ་ལ་ཁྱབ་སྟེ་མི་ཐེངས་ཁྲི ༨༠ ཙམ་བྱེད་སྒོའི་ནང་ཞུགས་ཡོད་ལ།  འཛད་སྤྱོད་པ་དང་ཀུང་སི། དངུལ་རྩའི་སྒྲིག་གཞི་བཅས་ཀྱི་དབར་སྤེལ་བའི་གཉིས་ཁེ་གཉིས་ཕན་གྱི་ལས་སྟེགས་ཞིག་ཀྱང་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]