བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་རྒྱས་འཛོམས་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-10-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་རྒྱས་འཛོམས་བྱེད་སྒོ་སྤྱི་ཟླ་བཅུ་པའི་ཚེས ༣༠ ཉིནགཟིམས་ཤག་བཤད་སྒྲར་བདེ་བླག་ངང་མཇུག་སྒྲིལ་བ་རེད།  དུས་ཡུན་ཉིན་བདུན་གྱི་རྒྱས་འཛོམས་ཐོགབོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་དང་བོད་ལྗོངས་འབུར་བརྙན་སྒྱུ་རྩལ་འགྲེམས་ཚོགས།  བོད་རུམ་ཐོན་ལས་ཉོ་ཚོང་འགྲེམས་ཚོགས།  རིག་གནས་གསར་གཏོད་ཐོན་ལས་ཀྱི་ས་ཁོངས་སྤྱི་སྤྱོད་གྲགས་རྟགས་ཁས་ལེན་ཐོན་རྫས་ཉོ་ཚོང་འགྲེམས་ཚོགས་སོགས་བྱེད་སྒོ་སྤེལ་བ་མ་ཟད།  རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་སུ་གཏོགས་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་རྩེར་སོན་ཐོན་རྫས་རྒྱལ་ནང་དུ་སྐོར་འགྲེམས་བྱེད་པའི་ལྷ་སའི་འགྲེམས་སྟོན་ཡང་དུས་གཅིག་ཏུ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྐབས་འདིའིབོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་རྒྱས་འཛོམས་བྱེད་སྒོ་དེ།  སྤྱི་ཡོངས་ནས་ཇུས་འགོད་བྱེད་པ་དང་ཕྱོགས་བསྡུས་དྲིལ་བསྒྲགས་ཁྱབ་གདལ་གཏོང་བ།  གཅིག་གྱུར་གྱི་གཟུགས་བརྙན་མཚོན་རྟགས་བཟོ་བབཅས་ཀྱི་ཐབས་ལམ་བརྒྱུད་ཐོན་ཁུངས་བསྡུ་སྒྲིལ་བྱེད་རྒྱུ་དང་།  སྤྱི་ཚོགས་དང་དཔལ་འབྱོར་ཕྱོག་གཉིས་ཀྱི་ཕན་ནུས་ཐོན་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད་ལ།  ས་ཁོངས་རིག་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད་པས།  བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཁྲོམ་ར་ཅན་དང་སྤུས་དག་ཅན་གྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་ཐེབས་པ་དང་།  རིག་གནས་གསར་གཏོད་ཐོན་ལས་ཀྱི་ས་ཁོངས་སྤྱི་སྤྱོད་གྲགས་རྟགས་འདིས་མི་ཚོར་བག་ཆགས་འཇོག་ཤུགས་ཆེ་རུ་ཕྱིན་ཡོད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]