དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པའི་དུས་ཐེངས་བདུན་པའི་འཁྲབ་སྟོན་མཇུག་འགྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-11-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ ཚེས ༣༡ ཉིན་གྱི་དགོང་མོ་དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པའི་དུས་ཐེངས་བདུན་པའི་ཕྱི་རོལ་གྱི་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གྲོང་ཚོར་གནས་པའི་འུན་ཤིང་ཀོང་ཇོ་འཁྲབ་རར་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་དང་།  འདི་ལོ་ཟློས་གར་དེ་ཁྱོན་འཁྲབ་སྟོན་ཐེངས ༡༨༩ བྱས་པ་རེད།

དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པ་དེ་ལོ་ངོ་སྟོང་གི་གོང་རྒྱ་བཟའ་ཀོང་ཇོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མདུན་མར་ཕེབས་ནས་རྒྱ་བོད་དབར་མཐུན་སྒྲིལ་གཉེན་སྒྲིག་བྱས་པའི་གཏམ་རྒྱུད་བརྗོད་ཡོད།  འཁྲབ་གཞུང་དེ་ཁྱོན་ཁག་ལྔ་ལ་དབྱེ་ཡོད་པ་དང་ལོ་ལྟར་གྱི་སྤྱི་ཟླ་བཞི་པ་ནས་བཅུ་པ་བར་འཁྲབ་སྟོན་བྱེད་ཀྱི་ཡོད།  འཁྲབ་སྟོན་བྱེད་མཁན་མི་གྲངས་ཁྱོན ༨༠༠ ལྷག་ཙམ་ཡོད་པའི་ནང་ཆེད་ལས་འཁྲབ་སྟོན་པ་ཕུད་ས་གནས་དེ་གའི་བོད་རིགས་ཞིང་འབྲོག་པ་མང་ཚོགས་ཀྱང་མང་པོ་ཞིག་ཞུགས་སུ་བཅུག་ཡོད་པས།  ས་གནས་དེ་གའི་མང་ཚོགས་ཚོའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  དགུན་དུས་བོད་དུ་གནམ་གཤིས་གྲང་བའི་རྐྱེན་གྱིས་གྱིམ་ཤིང་ཀོང་ཇོ་དང་འུན་ཤིང་ཀོང་ཇོ་ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་དེ་གཉིས་ཀྱང་འཁྲབ་སྟོན་ཁང་ནང་བྱས་ཏེ་དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོའི་ཡིད་དབང་འགུག་རྒྱུར་རམ་འདེགས་གང་ལེགས་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]