ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-11-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཅིག་པའི་ཚེས ༡ ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་འགོ་ཚུགས་ཡོད།  ཕོ་བྲང་པོ་ཏ་ལར་སྲུང་སྐྱོབ་སྔར་བས་ལེགས་པ་བྱ་ཆེད་སྤྱི་ལོའི་དུས་རབས ༡༧ པ་ནས་བཟུང་ལོ་ངོ་ ༣༠༠ ལྷག་ཙམ་རིང་ལོ་ལྟར་སྐུ་དཀར་གསོལ་གྱི་ཡོད།  དེ་ནི་འཆར་ཅན་གྱི་ལས་ཀ་ཞིག་དང་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད།།

གསར་འགོད་པས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  དཀར་རག་ནང་རྒྱུ་ཆ་གཞན་མང་པོ་གང་བྱུང་དུ་མཉམ་བསྲེས་བྱས་ན།  དཀར་རག་གི་ཐོག་མའི་ཚོན་མདངས་དང་སྤུས་ཚད་ཞན་དུ་ཕྱིན་ནས་དུས་ཐུང་ནང་བཞུས་འགྲོ་བ་དང་།  ཕོ་བྲང་པོ་ཏ་ལའི་མཛེས་ཉམས་དང་གྱང་ངོས་ལ་ཤུགས་རྐྱེན་ཐེབས་པ།  ལྷག་པར་དུ་དོན་མེད་ཀྱི་འཕྲོ་བརླག་ཏུ་འགྲོ་བ་སོགས་བྱེད་ཀྱི་ཡོད་པས།  ད་ལོ་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་གཅིག་གྱུར་ཐོག་རྒྱུ་ཆ་ཉོ་སྒྲུབ་བྱས་ཡོད་པ་དང་།  སྐུ་དཀར་གསོལ་ཟིན་རྗེས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཕོ་བྲང་གི་རྣམ་པ་གསར་རྐྱང་ཞིག་མངོན་ཐུབ་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]