རང་ལྗོངས་ཀྱིས་མི་རིགས་ཀྱི་སྟོན་དུས་སྲོལ་རྒྱུན་རྟ་རྒྱུགས་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་སྲོལ་རྒྱུན་རྟ་རྩལ་ལུས་རྩལ་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་གང་ལེགས་མངོན་པ་དང་།  མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ལུས་རྩལ་རྒྱ་ཁྱབ་དར་སྤེལ་དེ་བས་ཡག་པ་གཏོང་ཆེད་དང་།  རྟ་ལ་དགའ་ཞིང་རྒྱུས་ལོན་པ།  རྟ་འགྲན་པ་དང་གསོ་རྒྱུར་དགའ་པོ་ཡོད་མཁན་ཚོར་ཕན་ཚུན་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱ་ཆེད།  ཉེ་དུས་བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ནས་མི་རིགས་ཀྱི་སྟོན་དུས་སྲོལ་རྒྱུན་རྟ་རྒྱུགས་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ་བ་རེད།

ད་ཐེངས་ཀྱི་རྟ་རྒྱུགས་འགྲན་བསྡུར་ནི་བང་རྩལ་འགྲན་རྒྱུ་གཙོ་བོ་ཡིན་པས།  རྨིད ༣༠༠༠ དང་རྨིད ༥༠༠༠  རྨིད ༨༠༠༠ བཅས་བང་རྒྱུགས་ཀྱི་འགྲན་བསྡུར་རྣམ་གྲངས་ཁག་གསུམ་དང་རྨིད ༥༠༠༠ གི་བགྲོས་རྒྱག་རྣམ་གྲངས་བཙུགས་ཡོད་ལ།  འགྲན་བསྡུར་བྱེད་སྒོ་འདིའི་བྱ་དགའ་ཡང་ཁྱོན་སྒོར་ཁྲི ༢༤ ཟིན་གྱི་ཡོད་པས་ལོ་རྒྱུས་ཐོག་བྱ་དགའི་དངུལ་གྲངས་མཐོ་ཤོས་དེ་ཡིན།

བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ཀྱི་དྲུང་ཡིག་ལོ་ཧུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཀྱི་རྟ་རྩལ་འགྲན་བསྡུར་ཐོག་བོད་ལྗོངས་ཁུལ་གྱི་རྟ་མཆོག་ཡོད་པ་ཙམ་མ་ཟད་ད་དུང་སི་ཁྲོན་དང་མཚོ་སྔོན།  ཀན་སུའུ་སོགས་ས་ཁུལ་གྱི་རྟ་རྩེ་གྲ་ཁག་ཅིག་ཀྱང་འགྲན་བསྡུར་ལ་ཞུགས་ཡོད།  རྟ་རྒྱུགས་འགྲན་བསྡུར་ནང་ཞུགས་མཁན་རྟའི་གྲས་སུ་ས་ཆ་དེ་གའི་རྟ་དང་རྒྱུད་འདྲེས་རྟ།  རྒྱུད་གཙང་རྟ་བཅས་རྟ ༥༠ ལྷག་ཙམ་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]