您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་བཅུ་གཅིག་པའི་ཚེས ༥ ཉིན། ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོ་སྒྲུབ་མང་བའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་བཀོད་སྒྲིག་དང་སྐུལ་སློང་གི་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་མྱུར་སྐྱེལ་ལས་སྒོ་སྒྲུབ་མང་བའི་དུས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲུང་ཐུང་དང་ཧྲེན་ཐུང་། ཅིང་ཏུང་སོགས་མྱུར་སྐྱེལ་ཁེ་ལས ༢༠ ལྷག་ཙམ་གྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།
ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་བཀྲ་ཤིས་ཉི་མས། མྱུར་སྐྱེལ་ཁེ་ལས་ཁག་གིས་ངེས་པར་དུ་གཅིག་འགྱུར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། མི་སྣ་དང་དངོས་ཟོག རླངས་འཁོར་བཅས་སྔ་སྣུར་གཏན་འཁེལ་བྱས་ཏེ་བབ་བསྟུན་བཀོད་གཏོང་བྱེད་པ་དང་འགྲིམ་འགྲུལ་དོག་དུས་ལ་གཡོལ་བ་སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ། དངོས་ཟོག་ཕུང་གསོག་ཐེབས་པ་སོགས་ཀྱི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ཐོག་མྱུར་སྐྱེལ་ལས་སྒོ་སྒྲུབ་མང་བའི་དུས་ཀྱི་ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་ཅེས་གསུངས།
ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ལོ་མཇུག་ནས་འགོ་ཚུགས་པའི་མྱུར་སྐྱེལ་ལས་སྒོ་མང་བའི་དུས་ཚོད་ཁྱོན་ཉིན་གྲངས ༨༥ ཡོད། དེ་ཡང་འདི་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཟླ་སྟོད་ནས་འགོ་ཚུགས་ཏེ། དུས་སང་གི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་མཇུག་སྒྲིལ་རྒྱུ་རེད། དེའི་རིང་བཅུ་གཅིག་པའི་ཚེས་བཅུ་གཅིག་དང་བཅུ་གཉིས་པའི་ཚེས་བཅུ་གཉིས། ཡེ་ཤུའི་འཁྲུངས་སྐར་བཅས་ཀྱི་སྐབས་དང་། དེ་བཞིན་སྤྱི་ལོ ༢༠༢༠ ལོའི་སྤྱི་ལོའི་དུས་ཆེན་དང་དཔྱིད་གསར་དུས་ཆེན་གྱི་གོང་། དྲ་ཐོག་ཚོང་ཁང་ཁག་གིས་གཅིག་བསྡུས་བྲིན་ཚོང་གི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པས་མྱུར་སྐྱེལ་ལས་སྒོའི་འབོར་གྲངས་ཀྱང་མང་དུ་འགྲོ་ངེས་རེད།།