བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་དྲོ་སྐྱིད་སྐྱེལ་བའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོལ་ཡང་།      སྤེལ་དུས།   2019-11-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པའི་དུས་ཆེན་ཐེངས ༢༠ པ་འཆར་ཉེའི་མཚམས་ཀྱི་སྤྱི་ཟླ་བཅུ་གཅིག་པའི་ཚེས ༧ ཉིན་གྱི་སྔ་དྲོ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཝེར་ཐེ་དང་ཤང་ཕེའོ་ཕེའོ།  སླིད་ཀྲེ་ཡང་བཅས་གཅེས་སེམས་ཁེ་ལས་གསུམ་དང་མཉམ་དུ་བར་སྐོར་ཁྲོམ་གཞུང་ཤ་གསར་ཟུར་སྡེ་ཁུལ་དུ་སྐྱོད་ནས།  གསར་འགོད་པ་དང་རྩོམ་སྒྲིག་པས་ལག་ལེན་ཁྲོད་དུ་དྲོ་སྐྱིད་སྐྱེལ་ཞེས་པའི་བྱེད་སྒོ་སྤེལ་ཏེ།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ ༡༠ ལ་རིན་ཐང་སྒོར་ཁྲི ༡༧ རི་བའི་གཅེས་སེམས་དངོས་རྫས་ཞལ་འདེབས་ཕུལ་བ་རེད།

བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དབུ་འཛིན་གཞོན་པ་ཝུའུ་ཤིན་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  དུས་ཡུན་རིང་པོའི་ནང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག  ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་འགན་འཁྲི་མི་བརྗེད་པར་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ཀྱི་ཡོད།  ད་ཐེངས་ཁེ་ལས་དང་ལག་གདང་སྦྲེལ་ནས་གཅེས་སེམས་དངོས་རྫས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་དྲོ་སྐྱིད་དང་རེ་བ་བརྒྱུད་སྤྲོད་བྱེད་པ་དང་།  དོན་དངོས་བྱ་སྤྱོད་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་གསར་འགྱུར་ལས་དོན་པར་ལྡན་དགོས་པའི་འགྲོ་ཤེད་ཆེ་བ་དང་མཐོང་ཤེད་ཆེ་བ།  བསམ་བློ་གཏོང་ཤེད་ཆེ་བ།  པིར་རྩལ་དབྱུག་ཤེད་ཆེ་བ་བཅས་ཤེད་ཆེ་བ་བཞི་ཡི་བླང་བྱ་མངོན་པར་བྱས་ཏེ།  དེང་དུས་སྨྱན་སྦྱོར་ཚན་པའི་འགན་འཁྲི་དང་འགན་ཁུར་ནུས་པ་མངོན་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]