您没有安装FlashPlayer或版本太低, 请点击获得最新版本FlashPlayer
ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཟླ་བཅུ་གཅིག་པའི་ཚེས ༧ ཉིན་གྱི་སྔ་དྲོ། མེ་སྐྱོན་ཐོན་རྒྱུར་སྔོན་འགོག་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ད་ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་འགོ་བཙུགས་པ་རེད། དེ་དང་ཆབས་ཅིག་ཁག་སོ་སོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྣེའུ་ཁུལ་གསར་དུ་སྣེ་མང་ཕུན་སུམ་ཚོགས་པའི་མེ་སྐྱོན་སྔོན་འགོག་གི་བྱེད་སྒོ་ཡང་སྤེལ་ནས། རྒྱ་ཆེའི་གྲོང་མི་ཚོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཉེན་ཁའི་ཁྲོད་རང་སྲུང་ཐུབ་པའི་རྩལ་ནུས་ཆེ་རུ་གཏོང་ཐབས་བྱས་ཡོད།།