ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་མ་འཇོག་བུམ་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱག་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-11-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་།  ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུད་དང་ལྷ་ས་གྲོང་ཁྱེར་མ་འཇོག་ཚད་ཡོད་ཀུང་སི།  ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུད།  བོད་རང་སྐྱོང་ལྗོངས་ལུས་རྩལ་ལས་རིགས་སློབ་གྲྭ།  སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་བཅས་ཀྱིས་གཉེར་རོགས་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་མ་འཇོག་བུམ་པའི ༢༠༡༩ ལོའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཉེ་དུས་ལྷ་ས་ཅང་སུའུ་སློབ་འབྲིང་དུ་རྒྱག་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་སློབ་ཆུང་དང་།  དམའ་རིམ་སློབ་འབྲིང་།  མཐོ་རིམ་སློབ་འབྲིང་བཅས་ཚོགས་ཆུང་ཁག་གསུམ་དུ་དབྱེ་ཡོད་པ་དང་།  འགྲན་བསྡུར་ནང་ཞུགས་མཁན་ཁྱོན་རུ་ཁག ༧༧ དང་སྤོ་ལོ་བ ༡༠༨༨ ཡོད་པ་དེ་དག་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་མི་འདྲ་བ ༥༥ ནས་ཡོང་བ་ཡིན།  འགོ་ཚུགས་མཛད་སྒོའི་ཐོག་ད་དུང་ཉེ་བའི་ལོ་ཤས་རིང་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལས་དོན་ཁྲོད་བྱས་འབྲས་མངོན་གསལ་དོད་པོ་འཇོག་མཁན་གྱི་རྫོང་༼ ཆུས ༽དང་།  ཁྱད་ལྡན་སློབ་གྲྭ  མི་སྒེར་བཅས་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོ་ཤས་རིང་།  རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་དང་ཐུན་མོང་འབད་བརྩོན་འོག  རིམ་པ་ཁག་གི་འགྲན་བསྡུར་ཁྲོད་གྲོང་ཁྱེར་དེའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཟམ་མི་ཆད་པར་ཐོབ་ཡོད།  སློབ་གྲྭའི་རྐང་རྩེད་སྤོ་ལོའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དེས།  ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་གཞོན་ནུ་ལོ་ཆུང་ཚོར་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་།  མཛའ་ཤེས་འཛུགས་ས་བཅས་ཀྱི་སྟེགས་བུ་ཞིག་ཀྱང་མཁོ་འདོན་བྱས་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]