བོད་ལྗོངས་ལིང་ཧྥུང་ལས་གྲྭའི་འཕྲུལ་ཆས་ཚོང་དོན་གྲོང་དང་བོད་ལྗོངས་ལས་གྲྭའི་འཕྲུལ་ཆས་མཐུན་ཚོགས་དངོས་སུ་བཙུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-11-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་ལིང་ཧྥུང་ལས་གྲྭའི་འཕྲུལ་ཆས་ཚོང་དོན་གྲོང་སྒོ་མོ་དབྱེ་བ་དང་བོད་ལྗོངས་ལས་གྲྭའི་འཕྲུལ་ཆས་མཐུན་ཚོགས་དངོས་སུ་བཙུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་སྤེལ་འགོ་ཚུགས་པ་རེད།  བོད་ལྗོངས་ལིང་ཧྥུང་ལས་གྲྭའི་འཕྲུལ་ཆས་ཚོང་དོན་གྲོང་ནི་ལྷ་ས་གྲོང་ཁྱེར་གྱིས་འཆར་འགོད་འཛུགས་སྐྲུན་བྱས་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན།  དེ་སྟོད་ལུང་བདེ་ཆེན་ཆུས་ཡ་མདའ་ཤང་བཟོ་ལས་གླིང་ཁུལ་དུ་གནས་ཤིང་ས་ཁྱོན་མུའུ ༥༠༠ བཟུང་བ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར ༦.༩ ཟིན་གྱི་ཡོད།  དེ་ནི་ལས་གྲྭའི་འཕྲུལ་ཆས་ཉོ་ཚོང་དང་ཉམས་གསོ།  ལྷུ་སྒྲིག  མཛོད་ཉར།  ཟོག་སྐྱེལ།  གཞུང་ལས།  བཟའ་བཏུང་།  མགྲོན་ཁང་བཅས་གཞི་གཅིག་ཏུ་བསྡུས་པའི་སྣེ་མང་ཅན་གྱི་ཁྲོམ་ར་ཞིག་ཡིན།  དེས་བོད་ལྗོངས་སུ་ལས་གྲྭའི་འཕྲུལ་ཆས་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དང་།  ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་དང་མིང་གྲགས་མཐོ་རུ་གཏོང་རྒྱུ།  སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དགེ་ཚན་ལྡན་པའི་ནུས་པ་ཐོན་ངེས་ཡིན།

བོད་ལྗོངས་འཕྲུལ་ཆས་ལས་གྲྭ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ལི་ཀོན་དབངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།  མཐུན་ཚོགས་དེས་ཁོངས་གཏོགས་ཚོགས་མིའི་ལས་ཁུངས་ལ་ཞབས་ཞུ་མཁོ་འདོན་བྱེད་པ་དང་བསྟུན་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་དབར་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་རྒྱུ་མ་ཟད།  ད་དུང་སྔོན་ཐོན་གྱི་སྒྲིག་ཆས་བོད་དུ་ནང་འདྲེན་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒྲིག་ཆས་ཀྱི་འགན་སྲུང་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་ཡང་གང་ལེགས་ཐུབ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]