ལྗོངས་ཡོངས་ཀྱི་བཙུན་མ་དང་དགོན་སྡེར་བཅའ་སྡོད་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༢ ཉིན།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྗོངས་ཆོས་ལུགས་ལས་དོན་ཅུད་ཀྱིས་མཉམ་གཉེར་གནང་བའི་ལྗོངས་ཡོངས་ཀྱི་བཙུན་མ་དང་དགོན་སྡེར་བཅའ་སྡོད་བུད་མེད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་བཅོ་བརྒྱད་པ་ལྷ་སར་སློབ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་བཙུན་མ་དང་དགོན་སྡེར་བཅའ་སྡོད་བུད་མེད་ལས་བྱེད་པ་ཁྱོན ༣༢ ཡོད་པ་དང་།  ཁོང་ཚོས་ལྷ་སར་ཉིན་གཉིས་ཀྱི་རིག་གཞུང་སློབ་སྦྱོང་ཚར་རྗེས་རྒྱ་ནག་ཁུལ་དུ་ཉིན ༨ ཀྱི་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སྐྱོད་རྒྱུ་རེད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་མཚན་ལྷ་མོ་ནས།  ད་ཐེངས་ཀྱི་གསོ་སྦྱོང་་ཕན་འབྲས་ལེགས་པོ་ཐོན་ཆེདང་ཚོས་ལྗོངས་ཏང་གི་སློབ་གྲྭ་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་།  ལྗོངས་ཆོས་ལུགས་ལས་དོན་ཅུ་བཅས་ཀྱི་ཆོས་ལུགས་ལས་དོན་པ་དང་།  ལོ་མང་རིང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་ཕྱག་ལས་གནང་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སློབ་ཁྲིདམཁས་པའི་རིགས་གཅིག་མཁས་དབང་གདན་ཞུ་བྱས་ཡོད་པས།  སློབ་མ་ཚོས་ད་ཐེངས་ཀྱི་སློབ་སྦྱོང་དང་རྟོག་ཞིབ་ཀྱི་གོ་སྐབས་བཟང་པོ་དམ་འཛིན་གང་ལེགས་བྱས་ཏེ།  རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ཤེས་བྱར་ཁྱོན་ཡོངས་ནས་རྒྱུས་ལོན་ཐུབ་པ་བྱེད་པ་དང་།  སླད་ཕྱིན་རྒྱ་ཆེའི་བཙུན་མའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས།  རིམ་ཁག་རྩ་འཛུགས་ཀྱིས་ཚང་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་ཐད་ཐུགས་ཁུར་གནང་བ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]