ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ཀུན་སྤྱོད་དཔེ་བཟང་བ་སློབ་གྲྭར་སྐྱོད་ནས་སྐོར་སྐྱོད་བཤད་འགྲེལ་བྱེད་པའི་བྱེད་སྒོ་ཞོལ་སློབ་ཆུང་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-11-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་མ་ཟད། ཀུན་སྤྱོད་དཔེ་བཟང་བའི་དཔེ་སྟོན་ནུས་པ་གང་ལེགས་ཐོན་པ་དང་། ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཀྱང་ཤུགས་ཆེ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་དཔེ་བཟང་བར་བསྟོད་དབྱངས་ལེན་པ་དང་ཁོང་ཚོར་སློབ་སྦྱོང་བྱེད་པ། ཀུན་སྤྱོད་དཔེ་བཟང་བ་བྱེད་པ་དང་ཀུན་སྤྱོད་དཔེ་བཟང་བར་དགའ་ཞེན་བྱེད་པ་སོགས་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད། སྤྱི་ཟླ ༡༡ ཚེས ༡༢ ཉིན། ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་སློབ་གྲྭར་སྐྱོད་ནས་སྐོར་སྐྱོད་བཤད་འགྲེལ་བྱེད་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཞོལ་སློབ་ཆུང་དུ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བའི་འོས་འགུག་མི་སྣ་སེར་མས་རང་ཉིད་ཀྱི་བྱས་རྗེས་སྙན་ཞུ་སྒྲོན་པ་རེད།
སེར་མར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་བཟང་པོ་གསུམ་ལྡན་གྱི་སློབ་མ་དང་ལྷ་སའི་མི་བཟང་།  ཀྲུང་གོའི་མི་བཟང་ཞེས་པའི་མཚན་སྙན་ཐོབ་མྱོང་ཡོད་པ་མ་ཟད།  བོད་རང་སྐྱོང་ལྗོངས་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་ཡང་ཐོབ་མྱོང་ཡོད།  སྤྱི་ལོ ༢༠༡༤ ལོའི་ཟླ ༣ ཚེས ༢༩ ཉིན།  བློ་བུར་དུ་ཐོན་པའི་མེ་སྐྱོན་ཞིག་གི་ནང་སྐབས་དེ་དུས་ད་དུང་
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་གྲྭ་གསུམ་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་བརྒྱད་པའི་སློབ་མ་ཞིག་ཡིན་པ་དང་།  ལའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་བྱེད་སྒོའི་ནང་ཞུགས་བཞིན་ཡོད་པའི་སེར་མས།  རང་ཉིད་ཀྱི་བདེ་འཇགས་ལ་མ་ལྟོས་པར་ཐེ་ཚོམ་སྤུ་ཙམ་མེད་པར་མེ་ལྕེའི་ཁྲོད་ལུས་པའི་རྒན་རྒོན་བཟའ་འཚོ་གཉིས་སྐྱོབ་པར་ཕྱིན་ཡོད།  རྗེས་སུ་སེར་མ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱལ་ནས་བརྟག་དཔྱད་བྱེད་སྐབས།  སེར་མའི་གཟུགས་པོའི་ཆ་ཤས་མང་པོ་མེས་འཚིག་ཚད་རིམ་པ་གཉིས་པ་ཟིན་ཡོད་པ་མ་ཟད།  ཁོ་མོའི་ལག་པ་གཡས་པ་དང་སྐེད་པ་གཡོན།  རྐང་པ་བཅས་ལ་ཡང་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད།

སེར་མས་སྙན་ཞུ་སྒྲོན་སྐབས།  ངས་བྱས་པ་དེ་ནི་ཉེན་ཁ་འཕྲད་སྐབས་མི་ཚང་མས་བྱེད་སྲིད་པའི་སྤྱིར་བཏང་གི་བྱ་བ་ཞིག་ཙམ་ཡིན།  རྒན་རྒོན་གཉིས་སྐྱོབ་སྐབས་རང་ཉིད་ལ་རྨས་སྐྱོན་ཕོག་པའི་གནད་དོན་དེར་འགྱོད་པ་སྐྱེ་མ་མྱོང་ཞེས་བཤད།  ཁོང་གིས་རང་ཉིད་ཀྱི་དོན་དངོས་མྱོང་ཚོར་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དོན་སྙིང་དང་ནང་དོན་རྒྱས་བཤད་གཏིང་ཟབ་བྱས་པས།  སྙན་ཞུ་གསན་པར་ཕེབས་པའི་དགེ་སློབ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཏེ་ཚོགས་ཁང་དུ་ཐལ་མོའི་འདེབས་སྒྲས་ཁེངས།

སློབ་མ་ཚོས་རྒན་སེར་མ་ལགས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་བློ་སྒོ་ཡང་འབྱེད་སོང་།  ང་ཚོས་རྒན་སེར་མ་ལགས་ལ་སློབ་སྦྱོང་ཞུས་ཏེ་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ནས།  ཕུལ་བྱུང་གི་གཞོན་ནུ་ལོ་ཆུང་བ་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]