སྟོད་ལུང་བདེ་ཆེན་ཆུས་ཀྱིས་མེ་ཟེན་སྔོན་འགོག་གི་ལས་དོན་ཞིབ་ཚགས་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་། ཨུ་རྒྱན་མཚོ་མོ།      སྤེལ་དུས།   2019-11-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཡོངས་སུ་གནོད་འཚེ་འགོག་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་།  རིགས་ཁག་གི་མེ་སྐྱོན་ལས་འཛོལ་སྔོན་འགོག་དང་ཉུང་དུ་གང་མང་གཏོང་ཆེད།  སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༥ ཉིན།  ལྷ་ས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་སྟོད་ལུང་རུ་ཆེན་གྱིས ༼ ༡༡༩ ༽མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གོ་སྐབས་སུ་འཛིན་ཏེ།  སྟོད་ལུང་བདེ་ཆེན་ཆུས་ཀྱི་ཤང་༼ གྲོང་རྡལ ༽ཁག་དང་།  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་།  གཙོ་གནད་ཚན་པའི་འགན་འཁུར་བ་བཅས་དང་།  དེ་བཞིན་ཁོངས་གཏོགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ།  ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་མེ་ཟོན་སྔོན་འགོག་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་མེ་ཟོན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་སྦྱོང་བརྡར་བྱས་པ་རེད།
ཚོགས་འདུའི་ཐོག་་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ལས་དོན་སྤེལ་ཚུན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལད་ལོའི་ཚུན་དུ་ཐོན་པའི་མེ་སྐྱོན་གྱི་གནས་ཚུལ་ལ་གཞིགས་ཏེ།  ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་མེ་སྐྱོན་སྔོན་འགོག་ལས་དོན་ཐད་བླང་བྱ་ཞིབ་ཕྲ་བཏོན་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་འདུ་དང་མེ་ཟོན་དྲིལ་བསྒྲགས་སྦྱོང་བརྡར་བརྒྱུད་ཤང་གྲོང་རྡལ ༽ཁག་དང་།  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་།  གཙོ་གནད་ཚན་པའི་འགན་འཁུར་བ་བཅས་དང་།  དེ་བཞིན་ཁོངས་གཏོགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད།  ད་དུངརྐང་འཛིན་པ་གཅིག་ལ་སྦྱོང་བརྡར་སྤྲད་དེ་ཚན་པ་གཅིག་ལ་ཤུགས་རྐྱེན་ཐེབས་པ་དང་ལས་རིགས་ཧྲིལ་པོར་སྐུལ་ཁྲིད་ཐུབ་པའིདམིགས་ཚད་ཀྱང་ལོན་ཡོད

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]