བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་བཙུགས་ཏེ་ལོ༣༠འཁོར་བའི་རིག་རྩལ་མཚན་ཚོགས་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-11-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༦ ཉིན།  བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་བཙུགས་ནས་ལོ ༣༠ འཁོར་བའི་རིག་རྩལ་མཚན་ཚོགས་སློབ་གྲྭའི་ཚོགས་ཁང་ཆེ་མོར་འཚོགས་པ་དང་།  སློབ་གྲྭའི་ད་ཡོད་དགེ་སློབ་དང་སློབ་གྲོགས་རྙིང་པ།  རྒན་ཡོལ་དང་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ་བཅས་ཀྱི་འཐུས་མི་ཆིག་སྟོང་ཙམ་མཉམ་འཛོམས་བྱས་ཏེ།  རིག་རྩལ་མཚན་ཚོགས་ཀྱི་སྟོན་མོར་མཉམ་དུ་རོལ་བ་རེད།

མཚན་ཚོགས་དེ་རྫོགས་ལྡན་དུས་ཀྱི་དགྱེས་གླུ་ཞེས་པའི་ཁྲོད་འགོ་ཚུགས་པ་དང་།  འགྱིང་ཉམས་ལྡན་པའི་ཞབས་བྲོའི་སྟངས་སྟབས་དང་སྐད་གསང་མཐོ་བའི་གཞས་གདངས་ཀྱི་ཁྲོད་མཚན་ཚོགས་ཀྱི་མཐོ་རླབས་ཀྱང་རིམ་བཞིན་འཕྱུར་ཡོད།  དེ་རྗེས་དགེ་རྒན་གྱི་འཐུས་མི་དང་ཕུལ་བྱུང་སློབ་གྲོགས་རྙིང་པ།  ཆེད་མངགས་གདན་ཞུ་བྱས་པའི་གཞས་པ།  སློབ་གྲྭའི་སྤང་རྒྱན་མེ་ཏོག་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་ས་གནས་ས་ཐོག་ཏུ་ལྟད་མོ་བ་ཚོར་གླུ་གཞས་དང་དགོད་བྲོའི་གཏམ་གླེང་།  འཁྲབ་ཚན་ཐུང་ངུ་།  ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་ཁག ༢༠ འཁྲབ་སྟོན་བྱས་ཏེ།  བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་བཙུགས་ནས་ལོ ༣༠ འཁོར་བར་དགེ་སློབ་ཡོངས་ཀྱིས་སྨོན་འདུན་བཟང་པོ་ཞུས་པ་དང་དྲིན་ཚོར་གང་ཟབ་བྱས་ཡོད་པ་མ་ཟད།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཤིང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ལྡན་ལུགས་ཀྱང་མངོན་པར་བྱས་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]