ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོཌ་ཀྱིས་བུད་མེད་མང་ཚོཌ་ཁྲོད་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-12-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་ཆེད།  སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༨ ཉིན།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་མང་ཚོགས་ཁྲོད།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་འགོ་ཚུགས་ཡོད།

ཆེད་དོན་སྙན་ཞུའི་ཚོགས་འདུ་ཐེངས་དང་པོའི་ཐོག་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མིལྗོངས་ཏང་གི་སློབ་གྲྭའི་ཚན་རིག་དང་སྤྱི་ཚོགས་ཞིབ་འཇུག་པུའི་དགེ་རྒན་ཆེ་མོ་གཞོན་པ་ཟླ་བོ་ཚེ་རིང་།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གཏན་འབེབས་འཆར་ཟིན་དང་འབྲེལ་ནས།  ལོ་རྒྱུས་ཀྱི་དཔྱད་གཞི་ཕོན་ཆེན་དང་སོན་ཉམས་དོད་པའི་དཔེ་མཚོན།  ཞིབ་བདེན་གྲངས་གཞི།  ཏང་གི་རིག་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་བཅས་ཀྱི་ཐོག་ནས།  ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།  རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་རྒྱས་བཤད་གནང་བ་མ་ཟད།  ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་འཆར་ཟིན་གྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ།  གཞི་རྩའི་འགན་ལེན་སོགས་ཀྱང་གསལ་འགྲེལ་ཞིབ་ཚགས་གནང་བ་རེད། 

ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀླུ་མཚོས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱ་རྒྱུ་ནི་ད་ལྟ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་དང་།  མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོའི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་པས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས།  འདུ་ཤེས་བཞིདངགདེང་ཚོད་བཞིབརྟན་དུ་གཏོང་བ་དང་སྲུང་སྐྱོང་གཉིསཐུབ་པ་བྱས་ཏེ།  ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེསགསུངས 

ཤེས་རྟོགས་བྱས་པར་གཞིགས་ན།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་སྡེ་ཁུལ་དང་ཞིང་འབྲོག་ཁུལ།  དགོན་སྡེ།  མང་ཚོགས་ཀྱི་སྡོད་ཁྱིམ་སོགས་སུ་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]