གཞིས་རྩེས་ཞིང་འབྲོག་ངལ་ནུས་ལྷག་མ་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུ་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་ཞབས་ཞུ་ལྟེ་གནས་ཀྱིས་ཉེ་དུས་གཡོས་སྦྱོར་སྦྱོང་བརྡར་འཛིན་གྲྭ་གཉེར་བ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཁྲོམ་རར་དམ་པོར་བསྟུན་པ་དང་དུས་ཐོག་ཏུ་ལས་ཞུགས་ཁྲོམ་རའི་དགོས་མཁོར་གཞིགས་ཏེ།  སྦྱོང་བརྡར་གྱི་ཁ་ཕྱོགས་ལ་བསྒྱུར་བཅོས་བཏང་བ་དང་སྦྱོང་བརྡར་གྱི་ནང་དོན་ལེགས་བཅོས་བྱས་པ་མ་ཟད།  ཞིང་འབྲོག་མང་ཚོགས་ཚོའི་ལས་གཏོད་ལས་ཞུགས་ཀྱི་རྩལ་ནུས་མཐོ་རུ་གཏོང་རྒྱུའི་ཐད་དམ་འཛིན་ཡང་བྱས་ཡོད།  ཞིང་འབྲོག་མང་ཚོགས་ལ་དམིགས་པའི་བཟའ་བཅའི་གཡོས་སྦྱོར་དང་གློག་ལས་སོགས་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དེས།  གོམ་སྟབས་རྗེས་མར་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་རྒྱུར་རྩལ་ནུས་ཀྱི་འགན་སྲུང་མཁོ་འདོན་བྱས་པ་དང་།  ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུར་འགན་སྲུང་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]