ཐང་གའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་ལྔ་པ་སློབ་མཇུག་སྒྲིལ་བའི་མཛད་སྒོ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཉིས་པའི་ཚེ ༣ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་།  བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་སྒྲུབ་འགན་འཁུར་བའི་ཐང་གའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭཐེངས་ལྔ་པ་སློབ་མཇུག་སྒྲིལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཁྱོན་སློབ་མ ༦༠ ཡོད་པས་སྤྱི་ལོ ༢༠༡༥ ལོར་གསོ་སྦྱོང་ལས་དོན་སྤེལ་ཚུནགསོ་སྦྱོང་ནང་ཞུགས་མཁན་མང་ཤོས་དེ་ཡིན།  ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་སློབ་ཚན་བཀོད་སྒྲིག་དང་སློབ་མ་བསྡུ་ཡུལ།  དགེ་རྒན་བཀོད་སྒྲིག  སློབ་མའི་དོ་དམ།  བཟའ་བཅའ་དང་ཉལ་ཁང་འགན་ལེན་སོགས་ཕྱོགས་གང་ཅིའི་ཐད་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཡོད།  དེའི་དམིགས་ཡུལ་ནི་ཐང་གའི་རྒྱུན་འཛིན་པའི་སློབ་སྦྱོང་གི་ནུས་པ་དང་རྒྱུན་འཛིན་ནུས་པ་གོང་མཐོར་གཏོང་ཆེད་ཙམ་མ་ཡིན་པར།  རང་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་།  སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་རྒྱ་ཁྱབ་ངང་དེང་རབས་ཀྱི་འཚོ་བའི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ།  རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་བསྲེས་མངོན་འགྱུར་ཡོང་བ་བཅས་བྱས་ནས།  མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོ་དང་རྒྱུན་འཛིན་བྱེད་པའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུ་དེ་ཡང་རེད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]