སྒོར་གཅིག་གིས་སྟོད་ལུང་སྐོར་ཞེས་པའི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་འོས་སྦྱོར་འདུ་ཚོགས་སྟོད་ལུང་བདེ་ཆེན་ཆུས་སུ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད། སྒོར་གཅིག་གིས་སྟོད་ལུང་སྐོར་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་གི་འོས་སྦྱོར་འདུ་ཚོགས་དང་སྤྱི་ལོ ༢༠༡༩ ལོའི་སྟོད་ལུང་བདེ་ཆེན་ཆུས་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཉེ་དུས་མཚུར་ཕུ་ལུང་ཤུར་དུ་འཚོགས་པ་རེད།  
ད་ཐེངས་ཀྱི་དགུན་དུས་བོད་དུ་ཡུལ་སྐོར་བྱེད། སྒོར་གཅིག་གིས་སྟོད་ལུང་སྐོར་ཞེས་བརྗོད་དོན་གཙོ་བོའི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་གི་འོས་སྦྱོར་འདུ་ཚོགས་དེ་སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ ཚེས ༡ ཉིན་ནས་འགོ་ཚུགས་ཏེ་སྤྱི་ལོ ༢༠༢༠ ལོའི་ཟླ ༢ ཚེས ༢༨ ཉིན་བར་རྒྱུན་མཐུད་དེ་སྟོད་ལུང་བདེ་ཆེན་ཆུས་སུ་སྤེལ་རྒྱུ་དང་།  ཡུལ་སྐོར་ཐོན་རྫས་ཀྱི་ལས་སྒོའི་གྲས་སུ་རྐང་ཐང་མར་ཕྱི་རོལ་དུ་སྐྱོད་རྒྱུ་དང་རྐང་འཁོར་བཞོན་ཏེ་ལུང་ཤུར་སྐོར་རྒྱུ།  རིག་སྐྲུན་ཉམས་སུ་ལེན་རྒྱུ།  ཞིམ་ཟས་ལ་རོལ་རྒྱུ།  སྒྲུང་གཏམ་སྙན་མོའི་རོལ་རྩེད།  སྐྱེ་ལྡན་ཤིང་ཏོག་འཐུ་རྒྱུ་སོགས་ཚུད་ཡོད།  ཡུལ་སྐོར་ལམ་ཐིག་འཆར་འགོད་བྱེད་སྟངས་ཐད་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཁག་དང་འབྲེལ་མཐུད་བྱས་ནས་ཉིན་གཉིས་དང་མཚན་གཅིག་གི་ཡུལ་སྐོར་ལམ་ཐིག་གཏོད་པ་མ་ཟད།  མི་ཚོགས་མཉམ་དུ་ཡུལ་སྐོར་བྱེད་གནས་མང་པོར་སླེབས་ཐུབ་པའི་ལམ་ཐིག་གཙོ་བོར་བཞག་སྟེ་ཁ་ཐོར་ཡུལ་སྐོར་བར་དམིགས་པའི་ལམ་ཐིག་ཀྱང་གཏོད་ཡོད་པས།  ཁྱད་ལྡན་མཛེས་ལྗོངས་ཁུལ་དང་ཡུལ་གོམས་གཤིས་ལུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་ཆབས་ཅིག  རང་ཁོངས་ས་ཆའི་ཁྱད་ཆོས་ལྡན་པའི་གཟའ་མཇུག་ཡུལ་སྐོར་ཁྲོམ་ར་དང་ལྷ་སའི་ཉེ་འཁོར་སྐོར་བའི་ཡུལ་སྐོར་ཁྲོམ་ར་ཡང་གཏོད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]