ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རས་ཤེས་ལྡན་མི་སྣ་བསྡུ་བའི་འདུ་ཚོགས་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཁྲོམ་རས་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པའི་གཟའ་འཁོར་གྱི་བྱེད་སྒོ་སྟེ།  ཤེས་ལྡན་མི་སྣ་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་འདུ་ཚོགས་སྤྱི་ཟླ་བཅུ་གཉིས་པའི་ཚེས ༤ ཉིན་བོད་རང་སྐྱོང་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རར་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  མི་བེད་སྤྱོད་གཏོང་མཁན་ཚན་པ ༣༠༢ ཀྱིས་ད་ཐེངས་ཀྱི་ཤེས་ལྡན་མི་སྣ་བསྡུ་བའི་འདུ་ཚོགས་ལ་ཞུགས་ཡོད་པའི་ནང་བྱ་གཞག་ཚན་པ་གཅིག་དང་ཀྲུང་དབྱང་གི་ཁེ་ལས་གཅིག  གཞུང་ཁོངས་ཁེ་ལས ༡༧  དམངས་གཉེར་ཁེ་ལས ༢༨༣ བཅས་ཡོད་པ་དེ་དག་གིས་མི་རྒྱུན་ཐོན་ཁུངས་དོ་དམ་དང་ཇུས་འགོད།  མཚམས་སྦྱོར་བརྡ་ཁྱབ།  དངུལ་རྩ།  ཁྲོམ་རའི་གཉེར་ཚོང་།  སྲིད་འཛིན་དོ་དམ།  འཛུགས་སྐྲུན་ཨར་ལས།  དྲུང་ཡིག  ནོར་དོན་རྩིས་གཉེར།  གློག་ཀླད་དྲ་རྒྱ་སོགས་ཆེད་ལས་དང་འབྲེལ་བ་ཡོད་པའི་ལས་གནས ༣༨༢༡ མཁོ་འདོན་བྱས་ཡོད།  ལས་འཚོལ་མི་སྣས་ས་གནས་ས་ཐོག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས ༡༢༣༥ འབུལ་སྤྲོད་བྱས་ཡོད་པ་དང་།  མི ༡༧༧ གྱིས་འདོད་མཐུན་རང་བཞིན་གྱི་གྲོས་མཐུན་བཞག་པ་དང་མི་གཉིས་ཀྱིས་གན་རྒྱ་བཞག་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]