ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་གླིང་ཁུལ་གྱི་ལོ་མ་གཙང་སེལ་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-12-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་ཞེས་བརྗོད་དོན་གཙོ་བོའི་གོམ་སྟབས་རྗེས་མའི་སློབ་གསོར་སྐུལ་འདེད་གཏོང་བ་དང་།  ནོར་བུ་གླིང་ཁར་མཛེས་བཟོ་དང་ས་སྟེང་དུ་ལྷུང་པའི་ལྕང་མའི་ལོ་མས་བཟོས་པའི་མེ་སྐྱོན་གྱི་རྐྱེན་རྩ་མེད་པ་བཟོ་ཆེད།  སྤྱི་ཚེས ༤ ཉིན།  ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་ལས་བྱེད་ལས་བཟོ་པ ༡༣༠ སྒྲིག་འཛུགས་བྱས་ཏེ།  བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་དེ་མིན་ནོར་བུ་གླིང་ཁའི་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་བཀོད་འཐབ་པ ༧༠ དང་མཉམ་དུ་གླིང་ཁུལ་དུ་ལྷུང་པའི་ལྕང་མའི་ལོ་མ་གཙང་སེལ་གྱི་བྱེད་སྒོ་སྤེལ་བ་རེད།

དེ་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད་རྒྱ་ཆེའི་ལས་བྱེད་ལས་བཟོ་པས་བོད་ལྗོངས་མེ་གསོད་རོགས་སྐྱོབ་རུ་ཁག་གི་ལམ་སྲོལ་འགྱུར་ཡང་ཐོག་མའི་བསམ་འདུན་མི་འགྱུར་བ་དང་།  གྱོན་གོས་འགྱུར་ཡང་འགན་འཁྲི་མི་འགྱུར་བའི་སྤྱོད་ཚུལ་བཟང་པོ་མཐོང་ཐུབ་པ་མ་ཟད།  ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་ལག་བསྟར་བྱེད་པ་ཡང་མྱོང་ཚོར་ཐུབ་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]