སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭས་རྒྱུད་གསུམ་བློ་འཛིན་རྒྱུགས་ལེན་བྱེད་སྒོ་སྐབས་དང་པོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   སྟེང་ཆེན་རྫོང་ལས་རིགས་སློབ་གསོ་གསོ་སྦྱ...      སྤེལ་དུས།   2019-12-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭས་ཉེ་དུས།  གསོ་རིག་གི་དཔལ་ལྡན་རྒྱུད་བཞི་ལས་རྩ་རྒྱུད་དང་བཤད་རྒྱུད།  ཕྱི་མ་རྒྱུད་བཅས་རྒྱུད་གསུམ་བློ་འཛིན་རྒྱུགས་ལེན་བྱེད་སྒོ་སྐབས་དང་པོ་སློབ་གྲྭའི་འགྲེམས་སྟོན་ཁང་དུ་སྤེལ་བ་རེད།  བྱེད་སྒོར་ཕེབས་མཁན་མཁས་དབང་དང་རྫོང་ཁོངས་དབུ་ཁྲིད་ཀྱི་གྲས་སུ་རྫོང་སྨན་རྩིས་ཁང་གི་འཐུས་ཚབ་མཁས་དབང་དགུ་བ་བདེ་ཆེན་དང་བསམ་གཏན་ནོར་བུ།    རྫོང་དཔོན་སྐུ་གཞོན་ཐེལ་བྷོ་ཚེ་རིང་དང་རྫོང་སློབ་གསོ་ཅུས་ཀྱི་ཧྲུའུ་ཅི་ལིའུ་ཧྲུན་ཝུའུ།  དེ་བཞིན་དམངས་ཁྲོད་དུ་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་དབང་ཁག་གཅིག་བཅས་ཞུགས་ཡོད་པ་མ་ཟད།  སློབ་གྲྭའི་དགེ་སློབ་ཡོངས་ཀྱང་ཞུགས་ཡོད།
བློ་འཛིན་རྒྱུགས་ལེན་འཕྲོད་མཁན་སློབ་མ་ཤེས་རབ་དང་རྣམ་སྲས་གཉིས་ལ་ལག་འཁྱེར་གནང་།
ཐེངས་འདིའི་བྱེད་སྒོའི་ཐོག་སློབ་མ་ཤེས་རབ་དང་རྣམ་སྲས་གཉིས་ཀྱིས་ལོ་གཅིག་དང་ཟླ་བ་བཞིའི་རིང་སློབ་སྦྱོང་བྱས་ནས་རྒྱུགས་འབུལ་ཞུས་ཡོད་པ་དང་།  རྒྱུགས་འབུལ་ཞུ་རྒྱུའི་ནང་དོན་ཐད་ཁྱོན་ཤོག་ངོས ༢༡༢ དང་ཡིག་ཕྲེང་ཕལ་ཆེར ༣༨༡༦ ཡོད་པར་རག་རྩིས་བྱས་ན་ཁྱོན་ཡིག་འབྲུ ༨༠༡༣༦ ཡོད།  སློབ་མ་ཤེས་རབ་ཀྱིས་ཆུ་ཚོད་གཅིག་དང་སྐར་མ ༤༧ གྱི་ནང་བློ་འཛིན་རྒྱུགས་ལེན་ལེགས་གྲུབ་བྱས་ཡོད་པ་དང་།  སློབ་མ་རྣམ་སྲས་ཀྱིས་ཆུ་ཚོད་གཅིག་དང་སྐར་མ ༤༤ ཡི་ནང་བློ་འཛིན་རྒྱུགས་ལེན་ལེགས་གྲུབ་བྱས་ཡོད་པ་དེ་རིགས་ཧ་ལམ་མཐོང་དཀོན་པ་ཞིག་ཡིན།
བློ་འཛིན་རྒྱུགས་སྤྲོད་བྱས་ཟིན་རྗེས་དེར་ཕེབས་འགོ་ཁྲིད་དང་རིགས་གཅིག་མཁས་དབང་སོགས་ཀྱིས་སློབ་གྲྭ་དེའི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་མཐོ་པོ་གནང་བ་མ་ཟད།  མི་རིགས་ཀྱི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆར་གྱུར་བའི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ།  འཕེལ་རྒྱས་བཅས་ཀྱི་གནད་དོན་ཐད་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་ལུགས་གསུངས་ཡོད།  ལྷག་པར་དུ་ལས་རིགས་སློབ་གྲྭ་འདི་ཉིད་ཀྱི་སློབ་གཉེར་ཆུ་ཚད་དང་གཞི་ཁྱོན་སྔར་བས་ཆེ་རུ་བཏང་སྟེ།  སློབ་གྲྭའི་བོད་ལུགས་གསོ་རིག་དང་ལྷ་བྲིས་ཐང་ཁ།  བོད་ཡིག་ཡིག་གཟུགས།  རྫ་བཟོ་སོགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལག་རྩལ་ཐུན་མོང་ཐོག་རྒྱུན་འཛིན་དང་ཡར་རྒྱས་ཡོང་རྒྱུར་འབད་པ་བྱེད་དགོས་པ་དང་།  སྟེང་ཆེན་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ་ཚོ་སློབ་གྲྭའི་ནང་སློབ་སྦྱོང་ཐུབ་པ་དང་།  སྤྱི་ཚོགས་དང་མང་ཚོགས་ཁྲོད་བསྐྱོད་ཐུབ་པ།  རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་དང་སྦྲགས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད་སློབ་གྲྭས་རང་ངོས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱེད་དགོས་རྒྱུའི་ཐུག་རེ་ཡང་གནང་བ་རེད།།
  ༼  མིག་ཚེས་སྒྲིག ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]