ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་འགྲེམས་སྟོན་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཉིས་པའི་ཚེས ༨ ཉིན།  རང་སྐྱོང་ལྗོངས་ལུས་རྩལ་ཅུད་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་།  རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས།  གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་འགྲན་ཚོགསསྐབས་བཞི་པའི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲེམས་སྟོན་བྱེད་སྒོ་ལྷ་ས་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

བྱེད་སྒོའི་ཐོག་རྒན་རྒོན་སྒོར་གཞས་རུ་ཁག་དང་རྔ་པ་གླིང་རྒན་རྒོན་རིག་རྩལ་ལུས་སྦྱོང་རུ་ཁག  བོད་ལྗོངས་ཐའེ་ཆོན་དྲག་རྩལ་མཐུན་ཚོགས།  བོད་ལྗོངས་ཧོ་ཧྲེ་རྐང་ལྷམ་འཁོར་ཤུད་སྤྲོ་སྐྱིད་ཁང་སོགས་རུ་ཁག་བཅོ་ལྔ་ཡིས་སྒོར་གཞས་དང་ཐའེ་ཇི་མཉེན་ཤུགས་སྤོ་ལོ།  ཐའེ་ཆོན་དྲག་རྩལ།  རྐང་ལྷམ་འཁོར་ཤུད་སོགས་འཁྲབ་སྟོན་བྱས་པ་རེད
རྔ་པ་གླིང་རྒན་རྒོན་རིག་རྩལ་ལུས་སྦྱོང་རུ་ཁག་གི་རུ་དཔོན་འཛོམས་སྐྱིད་ཀྱིས་ལུས་རྩལ་བྱེད་སྒོ་དེ་ལྟ་བུ་ཞིག་སྤེལ་བ་དེས་ང་ཚོར་ལུས་སྦྱོང་ཁྲོད་ནས་སྤྲོ་སྣང་འཕེལ་ཐུབ་པས་སེམས་ནང་དགའ་ཚོར་ཆེན་པོ་ཡོང་གི་འདུག་ཞེས་གསུངས

རང་སྐྱོང་ལྗོངས་ལུས་རྩལ་ཅུད་མང་ཚོགས་ལུས་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་ཡའོ་ཡུང་ཀང་གིས།  དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའིགཟུགས་གཞི་བདེ་ཐང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཐབས་བྱས་ནས།  ལུས་སྦྱོང་བྱས་ན་ལུས་བདེ་སེམས་སྐྱིད་ཡོང་བའི་བསམ་པ་མི་སེམས་སུ་ཟུག་ཐུབ་རྒྱུ་དང་།  རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ལུས་སྦྱོང་ཁྲོད་བདེ་ཐང་དང་སྤྲོ་སྣང་ལོངས་སྤྱོད་ཐུབརྒྱུའི་རེ་བ་ཡོད་ཅེས་གསུངས

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]