ལྷ་ཉིང་ལྕགས་ལམ་ལྷ་ས་ནས་ཟངས་རི་བར་བཏིང་ཟིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༠ ཉིན།  ཟངས་རི་བབ་ཚུགས་ཀྱི་ལམ་ཐིག་བཞིའི་ཟམ་ཆེན་གྱི་མཐའ་མའིTདབྱིབས་ཅན་གྱི་ལྕགས་གདུང་ཟམ་སྟེང་ཐོག་སྒྲིག་སྦྱོར་བྱས་པ་དེའི་ཐོག་ནས།  ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་བཞིའི་ཟམ་ཆེན་ཐོག་མ་དེ་བསྐྲུན་ཟིན་པ་མཚོན་པ་དང་།  སྤྱི་ཚེས ༡༡ ཉིན་་རི་འབབ་ཚུགས་ཀྱི་སྒུག་སྡོད་ཁུལ་གྱི་ལྕགས་ལམ་དངོས་སུ་བཏིང་ཟིན་པ་རེད།  ཟངས་རི་ཚུགས་དེ་ལྷ་ཉིང་ལྕགས་ལམ་གྱི་་ཚུགས་བར་མ་དེ་ཡིན་པ་དང་།  ཟངས་རི་རྫོང་གི་ལྷོ་ངོས་སྤྱི་ལེ ༡.༥ ཡི་སར་གནས་ཡོད།

 ཤེས་རྟོགས་བྱུང་བར་གཞིགས་ན།  ཟངས་རི་རྫོང་བརརི་ལིའི་ལྕགས་ལམ་བཏིང་ཟིན་པ་དེས་ལྷ་ས་གྲོང་ཁྱེར་ནས་ཟངས་རི་རྫོང་བར་གཞི་རྩའི་ཆ་ནས་ཨར་སྐྲུན་རི་ལི་སྐྱོད་ཐུབ་པའི་དགོས་མཁོ་བསྐངས་ཡོད།   མ་འོངས་པར་ལྕགས་ལམ་ཤར་གཏོང་ཐུབ་རྗེས།  ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་གང་ལེགས་སྐྲུན་རྒྱུ་མ་ཟད།  ལྕགས་ལམ་རྒྱུད་ཀྱི་ཞིང་འབྲོག་ཐོན་ལས་དང་ཡུལ་སྐོར་ཐོན་ལས་སོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་ཐེབས་རྒྱུ་རེད།

ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་ལྕགས་ལམ་གཏིང་ཚུན།  ད་ཆ་ལྕགས་ལམ་སྤྱི་ལེ ༡༡༩.༣ བཏིང་ཟིན་པ་དང་ལྕགམ་ལམ་གྱི་ལྕགས་གདུང་འཛུགས་སའི་ཨི་ཁུང་ ༡༣༧༥ བརྟོལ་ཟིན་ཡོད་པ་རེད།།

 

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]