ལྷ་ས་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-12-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༡ ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་།  བོད་ལྗོངས་བསམ་སྤྱོད་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་འགན་འཁུར་གཙོ་གཉེར་བྱས་པའི་ལྷ་སའི་ཡུལ་སྐོར་ལས་རིགས་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ཐོག་ཆེད་ལས་པའི་ཉམས་འགྱུར་དང་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་ཐོག་མའི་འགྲན་བསྡུར་དང་དྲ་རྒྱའི་དཔྱད་འདེམས།  མཐའ་བསྡུར་རྒྱལ་ཕམ་ཐག་གཅོད་བཅས་བརྒྱུད་རིམ་གསུམ་ལ་དབྱེ་ཡོད།  སྤྱི་ཟླ་བཅུ་གཅིག་པའི་ཚེས ༡༨ ཉིན་ནས་སྤེལ་འགོ་ཚུགས་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་དོ་ཁུར་ཐོབ་ཡོད།  ཐོག་མའི་འགྲན་བསྡུར་དང་དྲ་རྒྱའི་འདེམས་ཤོག་འཕེན་པ་བརྒྱུད་མཐར་བདམས་ཐོན་པ ༢༨ གཟེངས་སུ་ཐོན་ཏེ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེའི་ནང་ཞུགས་ཐུབ་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]