ལྗོངས་མི་རྒྱུན་ཐོན་ཁུངས་ཞབས་ཞུ་མཐུན་ཚོགས་དབུ་བརྙེས་པའི་ཁྱབ་བསྒྲགས་ཚོགས་ཆེན་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་གཉིས་པའི་ཚེས ༡༢  ཉིན་གྱི་སྔ་དྲོ།  ལྗོངས་མི་རྒྱུན་ཐོན་ཁུངས་ཞབས་ཞུ་མཐུན་ཚོགས་དབུ་བརྙེས་པའི་ཁྱབ་བསྒྲགས་ཚོགས་ཆེན་ལྷ་སར་འཚོགས་པ་རེད།
ལྗོངས་མི་རྒྱུན་ཐོན་ཁུངས་ཞབས་ཞུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  མཐུན་ཚོགས་དབུ་བརྙེས་པ་དེས་རང་ལྗོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཐུབ་རྒྱུ་དང་།  རང་ལྗོངས་ཀྱི་མི་རྒྱུན་ཐོན་ཁུངས་གསར་སྤེལ་དོ་དམ་ལས་དོན་གོང་མཐོར་གཏོང་ཐུབ་རྒྱུ།  ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཐུབ་རྒྱུ།  ཞབས་ཞུའིནུས་པ་དང་རྩ་འཛུགས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུ།  ཁེ་ལས་དང་སྲིད་གཞུང་དབར་མི་རྒྱུན་ཐོན་ཁུངས་གསར་སྤེལ་གྱི་འབྲེལ་ཟམ་བཙུགས་ནས་ཁེ་ལས་ལ་མི་རྒྱུན་ཐོན་ཁུངས་གསར་སྤེལ་དོ་དམ་སློབ་སྦྱོང་དང་སྤེལ་རེས།  མཐོར་འདེགས་བཅས་ཀྱི་སྟེགས་བུ་ལེགས་ཤོས་ཤིག་མཁོ་འདོན་ཐུབ་རྒྱུ་བཅས་མ་ཟད།  རང་ལྗོངས་མིརྒྱུན་ཐོན་ཁུངས་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་དང་།  མི་རྒྱུན་ཐོན་ཁུངས་ཞབས་ཞུའི་ལས་རིགས་དོ་དམ་དང་ལས་རིགས་ཀྱི་འགྲན་རྩོད་ཚད་ལྡན་ཅན་དུ་གཏོང་བ།  རང་ལྗོངས་ཀྱི་ལས་ཞུགས་དང་ལས་གཏོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱང་བྱ་ཐུབ་རྒྱུ་རེད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]