ཀྲུང་གོའི་བྱིས་པ་མོ་ཋོར་རྩེ་གྲའི་ལོ་འཁོར་རྒྱས་འཛོམས་ལྷ་སའི་འགྲན་ཁུལ་གྱི་མཐའ་བསྡུར་འགྲན་རྩོད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསྟན་འཛིན་ཆོས་སྒྲོན།      སྤེལ་དུས།   2019-12-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོའི་བྱིས་པ་མོ་ཋོར༼ རྒྱན་གོས་འགྲེམས་མཁན ༽རྩེ་གྲའི་ལོ་འཁོར་རྒྱས་འཛོམས་ཀྱི་སྤྱི་ལོ ༢༠༢༠ ལོའི་གོ་ལ་ཧྲིལ་པོའི་འདེམས་སྒྲུག་འགྲན་བསྡུར་ཁོངས་སུ་གཏོགས་པའི་ལྷ་སའི་འགྲན་ཁུལ་གྱི་མཐའ་བསྡུར་འགྲན་རྩོད་སྤྱི་ཟླ ༡༢ ཚེས ༢༢ ཉིན་སྤེལ་འགོ་ཚུགས་པ་རེད།

ཀྲུང་གོའི་བྱིས་པ་མོ་ཋོར་རྩེ་གྲའི་ལོ་འཁོར་རྒྱས་འཛོམས་ཀྱི་སྤྱི་ལོ ༢༠༢༠ ལོའི་གོ་ལ་ཧྲིལ་པོའི་འདེམས་སྒྲུག་འགྲན་བསྡུར་དེ་ཡན་ལག་འགྲན་ཁུལ་ཁག་ཏུ་རྒྱ་ཁྱབ་འདེམས་སྒྲུག་དང་སྐྱར་འགྲན་ལེགས་འདེམས།  མཐའ་བསྡུར་རྩེར་སོན་འདེམས་སྒྲུག་བཅས་ཀྱི་བརྒྱུད་རིམ་གསུམ་དང་།  དེ་བཞིན་གོ་ལ་ཧྲིལ་པོ་སྤྱི་ཡོངས་ཀྱི་མཐའ་བསྡུར་དང་ས་གདན་དམར་པོའི་གོས་འགྲེམས་བྱ་དགའ་སྤྲོད་པའི་བརྒྱུད་རིམ་བཅས་ལས་གྲུབ་ཡོད།  སྔོན་དཔགས་ལྟར་ན་གོ་ལ་ཧྲིལ་པོའི་འདེམས་སྒྲུག་འགྲན་བསྡུར་ཁྲོད་འགྲན་ཁུལ་མི་འདྲ་བ ༢༠༠ ཟིན་རྒྱུ་དང་རྒྱ་ཁྱབ་འདེམས་སྒྲུག་ནང་ཞུགས་མཁན་ཁྲི ༦ ལས་བརྒལ་བཟོ་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་སའི་འགྲན་ཁུལ་ནས་བདམས་ཐོན་བྱུང་པའི་བྱིས་པ་མོ་ཋོར་རྩེ་གྲ་བཅུས་བོད་ལྗོངས་ཀྱི་ཚབ་བྱས་ཏེ་སྤྱི་ལོ ༢༠༢༠ ལོའི་ཟླ་བ་དང་པོའི་ཚེས ༡༧ ཉིན།  རྒྱལ་རབས་དྲུག་གི་རྒྱལ་སར་གྲགས་པའི་གནའ་གྲོང་ནན་ཅིང་དུ་གྲོང་ཁྱེར་བརྒྱ་ཕྲག་ནས་ཡོངས་བའི་ཕུལ་བྱུང་བདམས་ཐོན་པ་གཞན་དང་མཉམ་དུ་མཐའ་མཇུག་གི་འགྲན་བསྡུར་བྱ་རྒྱུ་རེད།

ལྷ་སའི་འགྲན་ཁུལ་གྱི་བྱེད་སྒོ་གཙོ་གཉེར་ཚན་པ་བོད་ལྗོངས་མིའི་ཀའོ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་བསོད་ནམས་ལྷ་མཚོ་ནས།  ང་ཚོས་ད་ལོའི་སྤྱི་ཟླ་དགུ་པ་ནས་འགོ་བཙུགས་ཏེ་ལྷ་སའི་འགྲན་ཁུལ་གྱི་རྒྱ་ཁྱབ་འདེམས་སྒྲུག་དང་ཐོག་མའི་འགྲན་བསྡུར།  སྐྱར་འགྲན་ལེགས་འདེམས་སོགས་བྱས་ཡོད།  བརྒྱུད་རིམ་དེའི་ནང་ང་ཚོས་བོད་ཀྱི་ཕྲུ་གུ་ཚོར་ཁྱད་ཆོས་མང་པོ་ལྡན་ཡོད་པ་ཤེས་རྟོགས་བྱུང་།  དེ་སྔོན་ཕྲུ་གུ་ཚོར་ཞབས་བྲོ་དང་གླུ་གཞས་འགྲན་བསྡུར་བྱེད་སའི་གར་སྟེགས་མཁོ་འདོན་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད།  ད་ཐེངས་ང་ཚོས་ཕྲུ་གུ་ཚོར་མཛེས་ཆོས་སློབ་གསོའི་གར་སྟེགས་ཤིག་མཁོ་འདོན་བྱས་ཏེ་ཁོ་ཚོས་རང་རང་གི་ཁྱད་ཆོས་དང་ཉམས་འགྱུར་མི་འདྲ་བ་ངོམས་སུ་བཅུག་ཡོད།  སང་ལོ་ང་ཚོས་བྱེད་སྒོ་དེ་བས་ཆེ་བ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཕྲུ་གུ་ཚོར་གར་སྟེགས་དེ་བས་ཆེ་བ་ཞིག་མཁོ་འདོན་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]