སྲིད་གྲོས་སྐབས་བཅུ་གཅིག་པའི་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ནོར་བུ། འོད་འབུམ།      སྤེལ་དུས།   2020-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༡༠ ཉིན་གྱི་སྔ་དྲོ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།   ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་འདེམས་བསྐོ་བྱེད་སྟངས་ལ་གྲོས་འཆམ་གནང་བ་དང་།  སྤྱི་ཁྱབ་འདེམས་ཤོག་ལྟ་བཤེར་པ་དང་འདེམས་ཤོག་ལྟ་བཤེར་པའི་མཚན་ཐོར་གྲོས་འཆམ་གནང་བ་མ་ཟད།  འདེམས་ཤོག་འཕེན་པ་བརྒྱུད་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བློ་མཐུན་ལེང་ཅན་ཕིང་གསབ་འདེམས་གནང་བ་རེད།  ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཕེབས་དགོས་པའི་ཨུ་ཡོན ༤༩༤ ཡིན་པ་དང་དངོས་སུ་ཕེབས་པའི་ཨུ་ཡོན ༤༠༦ ཟིན་པས་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད།

ཨུ་ཡོན་ནས་འདེམས་ཤོག་ལ་གཟབ་ནན་ངང་གཟིགས་ཞིབ་གནང་བ།

བློ་རྩེ་གཅིག་སྒྲིམ་ངང་ཚོགས་འདུའི་ནང་དོན་གསན་གནང་།

འདེམས་ཤོག་འཕེན་བཞིན་པ།

ཨུ་ཡོན་ནས་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་བཞིན་པ།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]