ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་པེ་ཅིང་དུ་འཁྲབ་སྟོན་བྱེད་པར་སྐྱོད་མཁན་བྱིས་པ་ཚོར་སྟབས་བདེ་སྐྲུན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2020-01-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱིས་པེ་ཅིང་དུ་གཙོ་གཉེར་བྱས་པའི་མཚར་སྡུག་བཀྲ་བའི་ཉི་མ་མེ་ཏོག་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ ༢༠༢༠ ལོའི་རྒྱལ་ཡོངས་ལོ་ཆུང་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཐོག་འཁྲབ་སྟོན་བྱེད་པར་སྐྱོད་མཁན།  ལྷ་ས་གྲོང་ཁྱེར་འདམ་གཞུང་གཡིའུ་བྱིས་པའི་མཉམ་གཞས་ཚོགས་པ་དང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཉི་ཤར་ཤང་ཆ་ཚང་སློབ་ཆུང་གི་བྱིས་པའི་མཉམ་གཞས་ཚོགས་པ་བདེ་འཇགས་དང་མགྱོགས་མྱུར་ངང་རི་ལིར་ཞུགས་ཐུབ་རྒྱུ་འགན་སྲུང་བྱ་ཆེད།  ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྤྱི་ཟླ་དང་པོའི་ཚེས ༡༤ ཉིན་གྱི་ཕྱི་དྲོ།  ཆེད་མངགས་བགྲོད་ལམ་བཏོད་དེ་བདེ་འཇགས་ཞིབ་བཤེར་དང་རི་ལིའི་ནང་ཞུགས་རྒྱུ་སོགས་ཀྱི་བརྒྱུད་རིམ་ཚང་མར་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ཁྲིད་སྟོན་དང་རོགས་རམ་བྱས་ཡོད།།

གཞན་ཡང་།  ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ད་དུང་བྱིས་པ་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན་ཞིག་འཁྲིད་པ་དང་འབྲེལ།  ལྷ་ས་མེ་འཁོར་བབས་ཚུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཀྱང་ཞིབ་ཕྲ་བྱས་པ་རེད།།

པེ་ཅིང་ཡུལ་དུ་འཁྲབ་སྟོན་བྱེད་པར་འགྲོ། བྱིས་པའི་སེམས་པ་དགའ་བས་རབ་ཏུ་མྱོས།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]