རང་ལྗོངས་ཀྱིས་ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྙན་ངག་སྤྲོ་ཚོགས་ཕབ་བཟོ་བྱས་ཟིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2020-01-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཟླ་བ་གསུམ་ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད།  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  རང་སྐྱོང་ལྗོངས་རིག་གནས་ཐིང་།  དེ་བཞིན་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་དུས་རབས་གསར་པར་ལེགས་སྐྱེས་འབུལ་བའི ༢༠༢༠ ལོའི་དཔྱིད་གསར་དུས་ཆེན་གྱི་སྙན་ངག་སྤྲོ་ཚོགས་ཉེ་དུས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ཕབ་བཟོ་བྱས་ཟིན།

སྤྲོ་ཚོགས་དེ་གསུང་རབ་དང་གསར་རྩོམ་སྙན་ངག་གྱེར་འདོན།  གླུ་གར་འཁྲབ་སྟོན་སོགས་ལེ་ཚན་གྱི་རྣམ་པ་ལས་གྲུབ་ཡོད་དེ།  སྙན་ངག་པ་ཚོས་སྣ་མང་རང་བཞིན་གྱི་རྣམ་པའི་ཁྲོད་བརྩེ་སེམས་དང་ངག་བརྗོད་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མཚོན་པར་བྱས་པས།  ལྟད་མོ་བ་རྣམས་སྙན་ངག་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

སྙན་ངག་སྤྲོ་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ནོར་ཚེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན།  ད་ལོ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྙན་ངག་གྱེར་འདོན་གྱི་རྣམ་པའི་ཐོག་ནས་མཚན་ཚོགས་གཉེར་ཐེངས་ཐོག་མ་དེ་ཡིན་པ་དང་།  ད་ཐེངས་སྤྲོ་ཚོགས་ཀྱི་ནང་དོན་ལ་རྒྱལ་གཅེས་དང་འབད་འཐབ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ།   དབུལ་གྲོལ་འགག་སྒྲོལ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་སོགས་ཀྱི་བརྗོད་བྱ་གཙོ་བོ་མངོན་པར་བྱས་ཡོད།  དེ་དང་ཆབས་ཅིག་ཕ་མའི་བཀའ་དྲིན་དང་བརྩེ་གདུང་།  མཛའ་གྲོགས་སོགས་འཇིག་རྟེན་ཀུན་ཏུ་ཁྱབ་པའི་བརྩེ་སེམས་མི་འདྲ་བ་མཚོན་པར་བྱས་ནས་བདེན་ལེགས་མཛེས་གསུམ་བརྒྱུད་སྤྲོད་དང་དུས་རབས་གསར་པར་བསྟོད་གླུ་ཕུལ་ཡོད་ཅེས་གསུངས།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]