བོད་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་གཙོ་དོན་འགྲེམས་སྟོན་ལྷ་སར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   འཇམ་དབྱངས་བསོད་སྒྲོན། བསྟན་འཛིན་ཆོས་སྒྲ...      སྤེལ་དུས།   2020-01-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་ ༦༠ ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་གཙོ་དོན་འགྲེམས་སྟོན་ལྷ་སར་བྱས་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ཁྱོན་ལོ་རྒྱུས་ཀྱི་འདྲ་པར ༢༦༡ དང་བརྙན་པར་དཔྱད་གཞི ༧  ཚད་ལྡན་ཡིག་ཆའི་དཔྱད་གཞི ༩༠ ལྷག་ཙམ་བཅས་འགྲེམས་སྟོན་བྱས་ནས།  ལོ་ངོ་ ༦༠ ཡི་རིང་བོད་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཡར་ཐོན་བྱུང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།

སྤྱི་ལོ ༡༩༥༩ ལོའི་ཟླ ༡༢ པའི་ཚེས ༢༠ ཉིན་བཙུགས་པའི་སྲིད་གྲོས་བོད་ལྗོངས་ཨུ་ཡོན་ལྷན་ཁང་དེ་ཕྱིས་སུ་རང་སྐྱོང་ལྗོངས་སྲིད་གྲོས་སུ་མིང་འགྱུར་བྱས་པ་ཡིན།  ལོ་ངོ་ ༦༠ ཡི་རིང་བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་བསྒྱུར།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན།  བསྒྱུར་བཅོས་སྒོ་དབྱེ།  དེང་རབས་ཅན་འཛུགས་སྐྲུན།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བསྒྱུར་བཅོས་དང་འཕེལ་རྒྱས།  བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།།
  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]