གཞིས་རྩེའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་འཁྲུག་ཆ་དོད་པ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་གཞིས་རྩེའི་སོ་ནམ་ལོ་གསར་ཉིན་གཅིག་ལ་འཁེལ་བ་དེས་དུས་ཆེན་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།  གཞིས་རྩེའི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་རར་ཕྱེ་མར་འབོ་དང་ཤིང་འབྲས་སྐམ་པོ།  རྩེ་སྒྲོ།  བྱི་རིལ།  དཀར་ཆུའི་ཐོན་རྫས།  བོད་ཆས།  ལག་ཤེས་ཐོན་རྫས་སོགས་ལོ་གསར་ཀྱི་མཁོ་ཆས་སྣ་ཁ་འཛོམས་ཞིང་ཚོང་ཟོག་བྲིན་ཁ་རྒྱུགས་པས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མིག་ལམ་དུ་མངོན་བཞིན་ཡོད།
བོད་ཟླ་བཅུ་གཉིས་པར་སོ་ནམ་ལོ་གསར་གཏོང་བའི་རྒྱུ་མཚན་ནི་སྐབས་དེ་དུས་ལོ་གཅིག་ནང་གི་དཀའ་ལས་ཁག་ཤོས་ཀྱི་ལས་ཀ་ཕལ་ཆེར་ཚར་བ་དང༌། འབྲུ་རིགས་སྣ་ལྔ་མཛོད་ནང་བླུགས་ནས་ཞིང་པ་རྣམས་སྣང་བ་སྐྱིད་ཤོས་ཀྱི་དུས་ཡིན། དེ་ཡང་ཞིང་ལས་དལ་བྲེལ་ལ་གཞིགས་ནས་བྱུང་བའི་གནའ་བོའི་ལོ་གསར་གཏོང་ལུགས་ཤིག་རེད། ལོ་གསར་དེ་གཙང་ཕྱོགས་ཀྱི་ཡུལ་གྲུ་ཕལ་ཆེ་བ་དང་སྟོད་མངའ་རིས་ཀྱི་བྱང་འབྲོག་སོགས་ཀྱིས་ཤིན་ཏུ་རྒྱས་པོ་གཏོང་སྲོལ་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]