ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་དུས་ཆེན་གསུམ་གྱི་འཚམ་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   འཇམ་དབྱངས་བསོད་སྒྲོན།      སྤེལ་དུས།   2020-01-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་ཀྱི་སྤྱི་ཟླ་དང་པོའི་ཚེས ༢༡ ཉིན།  ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་སོགས་ཀྱི་འཐུས་མི ༣༠ གདན་ཞུ་བྱས་ནས།  སྤྱི་ལོ ༢༠༢༠ ལོའི་དུས་ཆེན་གསུམ་གྱི་འཚམ་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།  ཚང་མས་དགའ་སྤྲོ་མཉམ་འཛོམས་ངང་ལོ་རྙིང་ཕར་ལ་སྐྱལ་ཞིང་གནམ་ལོ་གསར་པ་ཚུར་ལ་བསུས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་འཚམ་འདྲི་བྱེད་ཡུལ་གཙོ་བོ་ནི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་།  ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས། དབུལ་གྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ཡོད་པའི་ཧྲུའུ་ཅི་དང་པོ།  གྲོང་ཚོར་བཅའ་སྡོད་ལས་བྱེད་པ།  ལས་འཁྱུར་ཟིན་པའི་དམག་སྡེ་བཅོ་བརྒྱད་པའི་བློ་མཐུན་རྒན་གྲས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་རྟགས་མ་ཐོབ་མཁན།  རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན།  གཞུང་དོན་དུ་རང་སྲོག་ཤོར་བའི་ལས་བྱེད་པའི་ནང་མི།  རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོ་ཚོའི་བུ་བརྒྱུད་སོགས་མི ༧༠༠ ཡོད་པ་དེ་དག་ཡིན་ཞིང་།  མི་རེར་སྒོར་ཆིག་སྟོང་རེའི་ཚད་གཞི་ལྟར་འཚམ་འདྲིའི་དངུལ་སྤྲད་པ་དང་།  གཅིག་སྡུད་འཚམ་འདྲི་མཇུག་སྒྲིལ་རྗེས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་འཚམ་འདྲིའི་དངུལ་འབྲེལ་ཡོད་ཚན་པར་གཤམ་སྤྲོད་བྱས་ཏེ།  འབྲེལ་ཡོད་ཚན་པས་ངོ་ཚབ་འཚམ་འདྲི་བྱ་རྒྱུའི་མངགས་བཅོལ་བྱས་ཡོད།

དགུང་ལོ ༨༠ ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་སྐལ་བཟང་སྒྲོལ་མས།  དེ་རིང་གི་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།  བོད་ལྗོངས་འཕེལ་རྒྱས་མྱུར་པོ་བྱུང་བས་ད་ཆ་ཟས་གོས་སོགས་ལ་སེམས་ཁྲལ་མིན་འདུག  གཟུགས་གཞི་ཐང་པོ་བྱུང་ན་འཚོ་བ་ཧ་ཅང་སྐྱིད་པོ་རེད།  རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས།  གཟུགས་པོ་ལས་གནས་དང་བྲལ་ཡང་སེམས་པ་བོད་ཀྱི་བྱ་གཞག་ཁག་ལ་མུ་མཐུད་གཏད་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་རང་ནུས་ལྷག་འཕྲོ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]