གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ལོ་གསར་གྱི་མཁོ་ཆས་སྤྲད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཨུ་ཆུང་། ཡང་ཧྥན།      སྤེལ་དུས།   2020-01-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ།  ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ལུག་ཁྱུ་གྲོང་ཚོའི་མང་ཚོགས་རྣམས་དགའ་སྤྲོ་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་ཆེད།  ཉིན་ཤས་གོང་རྫོང་དེའི་སྨད་པ་ཤང་ལུག་ཁྱུ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་དགུན་དུས་དྲོ་སྐྱིད་སྦྱིན་པ་དང་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུ་ཅེས་པའི་བྱེད་སྒོ་སྤེལ་ནས།  ལུག་ཁྱུ་གྲོང་ཚོའི་མང་ཚོགས་ལ་ལོ་གསར་གྱི་མཁོ་ཆས་ཕུན་སུམ་ཚོགས་པོ་སྤྲད་དེ་ཏང་དང་སྲིད་གཞུང་།  དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཐུགས་ཁུར་གནང་ལུགས་དང་དྲོ་སྐྱིད་མཚོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྨད་པ་ཤང་ལུག་ཁྱུ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་ཚོ ༢༠ ལྷག་ཙམ་གྲབས་གསོག་བྱས་ནས།  ལུག་ཁྱུ་གྲོང་ཚོའི་མང་ཚོགས་ལ་བྱ་སྤུའི་གྱོན་ཆས་དང་སྲིང་བལ་གྱི་གྱོན་གོས།  སྲིང་བལ་གྱི་ལྷམ།  སྲིང་བལ་གྱི་ཞྭ་མོ།  སྲིང་བལ་གྱི་ཨུ་སུབས།  སྐེ་དཀྲིས།  དཔེ་ཁུག  འཁྱགས་སྦོས་བཅོས་བྱེད་ཀྱི་བྱུག་སྨན་སོགས་དངོས་རྫས་ཁྱོན ༣༥༠༠ ལྷག་ཙམ་ཉོས་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]