您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་ཐོན་ཚུན། རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་ངང་འཕྲལ་སྡོམ་ལམ་སྲོལ་མྱུར་དུ་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་དང་འབྲེལ་ཡོད་ཚན་པས། ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་དེང་སྐབས་ཀྱི་ལས་དོན་གལ་ཆེ་ཤོས་སུ་རྩིས་ནས་དམ་འཛིན་ངང་གོམ་སྟབས་གཅིག་གྱུར་དང་དུས་ཐོག་ཏུ་ཁ་གཏད་གཅོག་པ། གོ་རིམ་ལྡན་པའི་སྔོན་འགོག་ཚོད་འཛིན་བཅས་བྱས་ཡོད།།